ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-03-20
མཚན་མོའི་དུས་ཚོད7གྱི་སྟེང་། རྒྱལ་ཁབ་ཕྱི་ནང་ནས་ཐོན་པའི་གནས་སྐོར་བ་རྣམས་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཟླ་བ་ཚེ་རིང་ཚང་གི་ཡངས་ཤིང་ཆེ་བའི་ཉིས་ཐོག་ཏུ་ལྷན་འཛོམས་བྱས་ནས། རྩམ་པ་དང་བསྲུབས་ཇ། ནས་ཆང་སོགས་ལོངས་སྤྱོད་བྱེད་ཞོར་དུ་སེམས་ཀྱི་ཉི་ཟླའི་དམངས་སྲོལ་གླུ་གར་འཁྲབ་སྟོན་ལ་ཉམས་སུ་མྱོང་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོར་བོད་རིགས་དུད་ཁྱིམ་དུ་གནས་སྐོར་བྱེད་པའི་གནས་སྐོར་བ་ལོ་སྔོན་མ་དང་བསྡུར་ན་ཡར་འཕར་ཡོད་ལ། ལོ་སར་སྐབས་སུ་ཟླ་བ་ཚེ་རིང་ཚང་གིས་གནས་སྐོར་བ་མི་ཐེངས3000ལྷག་སྣེ་ལེན་བྱས་ཤིང་། ན་ནིང་དང་བསྡུར་ན་དུས་མཉམ་ལས20℅ཡར་འཕར།
མིག་སྔར། བདེ་ཆེན་ཁུལ་དུ་བོད་རིགས་སྤྲོ་ཁྱིམ་ར་བ24ཡོད་པ་དང་། ཟླ་བ་ཚེ་རིང་ཚང་དང་འདྲ་བར་གནས་སྐོར་ལས་རིགས་ཀྱིས་ཞིང་སྡེའི་རྩོལ་ཤུགས་ལྷག་མའི་ལས་ལུགས་ཚོང་ར་གསར་སྤེལ་བྱས་པས། ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་བཅོས་བྱེད་པར་སྐུལ་འདེད་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10