ཚེ་རིང་རྒྱ་མཚོས་བསྒྱུར། 2013-02-28
“འོད་ཟེར་བཟོ་འགོད”ནི་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“དམངས་འཚོ་ལ་ཐུགས་ཁུར་དང་དམངས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་པའི”བྱེད་ཐབས་གལ་ཆེན་ཞིག་ཡིན་མ་ཟད། ཡུན་ནན་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་གཏིང་ཟབ་སྒོས་བཅོས་བསྒྱུར་བྱས་ཏེ། སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་ཅན་དུ་གཏོང་བའི་ནང་དོན་གཙོ་བོ་ཞིག་ཀྱང་ཡིན། སེམས་ཀྱི་ཉི་ཟླ་རྫོང་གིས་འགལ་རྐྱེན་མེད་པ་དྲུག་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་ལྟར“ལོང་ཏོག་ནད་རིགས་གཙང་སེལ་རྫོང”འཛུགས་སྐྲུན་བྱས་པ་དང་། ན་ནིང་སྟག་མཆོང་གྲོག་རོང་དང་གསར་སྤེལ་ཁུལ། ཅིན་ཅང་གྲོང་རྡལ་དང་ཝུ་ཅིན་ཤང་། ཧྲང་ཅང་ཤང་སོགས་ལ་སོང་སྟེ་རིན་མི་དགོས་པར་ལོང་ཏོག་ནད་རིགས་ཕོག་མཁན་ལ་བརྟག་དཔྱད་དང་བཤགས་བཅོས་བྱས་པས། བསྡོམས་པས་ལོང་ཏོག་ཕོག་མཁན200ལ་བཤགས་བཅོས་བྱས་པ་དང་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་གྱུར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10