ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-03-06
ཚོགས་འདུའི་གྲོས་རིམ་འདི་དག་ཡོད་དེ། དང་པོ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་ཞིབ་བཤེར་བྱེད་རྒྱུ་ཡིནཔ་དང་། གཉིས་པ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པའི་གནས་ཚུལ་དང2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་རེད། གསུམ་པ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ2012ལོའ་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་དང2013ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ2012ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་དང2013ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་རེད། བཞི་བ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱེད་རྒྱུ་རེད། ལྔ་བ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱེད་རྒྱུ་རེད། །དྲུག་པ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་བཤེར་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱེད་རྒྱུ་རེད། བདུན་པ།《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་འགོད་རྒྱུ་རེད། བརྒྱད་པ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་བཤེར་ཁང་གི་འགོ་གཙོ་བདམས་པ་བཅས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10