སེམས་ཀྱི་ཉི་ཟླ་རྫོང་དུ་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད97.85%སླེབས་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-02-28

གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་འཕྲོད་བསྟེན་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན།  ན་ནིང་རྫོང་འདིས་སྔར་ལས་ལྷག་པར་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ལམ་ལུགས་སྲ་བརྟན་དང་ཁྱབ་རྒྱ་ཇེ་ཆེར་གཏོང་ཆེད། རྒྱུན་ཆད་མེད་པར་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་།  ཞུགས་ཚད97.85%ལ་སླེབས་ཡོད།

ཤེས་གསལ་བྱུང་བ་ལྟར་ན།  དོན་དངོས་སྟེང་སེམས་ཀྱི་ཉི་ཟླ་རྫོང་གི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ནད་བརྟག་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད།  རྫོང་འདིས“བྱ་གཞག་ཐམས་ཅན་ཞིང་བའི་ཆེད”ཡིན་པའི་རྩ་དོན་སྲུང་འཛིན་བྱས་ཏེ།  དྲིལ་བསྒྲགས་དང་དུས་ལྟར་ཁ་གསབ་བྱེད་པ།  ཞབས་ཞུ་ལེགས་པོ་སྒྲུབ་པའི་རྩ་དོན་གསུམ་རྒྱུན་འཁྱོངས་བྱས་པ་དང་།  ཚགས་པར་དང་རྒྱང་སྒྲོག  བརྙན་འཕྲིན་སོགས་གསར་འགྱུར་སྨྱན་བྱད་ལ་བརྟེན་ནས་ཞིང་སྡེ་གསར་བའི་སྨན་བཅོས་ལམ་ལུགས་སྤེལ་བའི་གནས་ཚུལ་དང་ཕན་ཁེ་ཐོབ་པའི་མང་ཚོགས་མ་དཔེ་བཅས་དྲིལ་བསྒྲགས་བྱས་པས། ཞིང་བ་མང་ཚོགས་རྣམས་ཀྱི་ཞིང་སྡེ་གསར་བའི་སྨན་བཅོས་ལམ་ལུགས་སྲིད་ཇུས་རྒྱུས་ལོན་བྱས་པར་རོགས་འདེགས་བྱས་ཤིང་།  ཞིང་བ་མང་ཚོགས་རྣམས་ཀྱི་སེམས་ཁུར་བྱེད་བཞིན་པའི་གནས་ཚུལ་ཇེ་ཉུང་དུ་སོང་བ་སོགས་ཞིང་སྡེ་གསར་བའི་སྨན་བཅོས་ལམ་ལུགས་ནང་ཞུགས་པའི་སྤྲོ་བ་ཇེ་ཆེར་སོང་།  །

  • ལེ་ཚན་སྔོན་མ།:འབའ་ལུང་རྫོང་འབྲོང་ལོ་ཤང་གི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ཐོབ་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གི་ལིང་ཏོག་ནད་རིགས་ཕོག་མཁན200ཡི་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་གྱུར།
  • དོ་སྣང་ཆེ་བའི་རྩོམ།