ཀྲུང་གོ་བོད་ཀྱི་དྲ་བ། 2013-01-11
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད2ཀྱི་སྟེང་། “བདེ་སྐྱིད་ལྡན་པའི་ཤམ་བྷ་ལ”2013གནམ་ལོ་གསར་བ་བསུ་བ་བྱེད་པའི་དམངས་སྲོལ་རིག་གནས་བྱ་འགུལ་སྟེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་སྐབས་གསུམ་པའི་ན་གཞོན་གླུ་བའི་གླུ་བའི་འགྲན་ཚོགས་དངོས་སུ་ཚོགས་འགོ་བརྩམས། ཐེངས་འདིའི་བྱ་འགུལ་ནི་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སྒྲུབ་འགན་ཁུར་བ་རེད། ཐེངས་འདིའི་འགྲན་ཚོགས་ལ་བསྡོམས་པས་གླུ་བ70ཡིས་མིང་ཐོ་བཀོད་ཡོད་པ་དང་། ཟླ1པོའི་ཚེས7ཉིན་ནས་ཚེས8ཉིན་བར་ཐོག་མའི་འགྲན་བསྡུར་བྱེད་རྒྱུ་ཡིན་ལ། ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད2ཀྱི་སྟེང་རྟིང་རྩོད་འགྲན་བསྡུར་བྱེད་རྒྱུ་རེད། འགྲན་ཚོགས་སྟེང་ད་རུང་བདེ་ཆེན་ཁུལ་གྱི་གླུ་བ་གྲགས་ཅན་དང་རོལ་མོ་རྩོམ་མཁན་སོགས་གདན་ཞུ་བྱས་ཏེ་དཔྱད་བརྗོད་པའི་འགན་ཁུར་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10