ཀྲུང་གོ་བོད་ཀྱི་དྲ་བ། 2013-01-09
རིག་གནས་དང་ཚན་རྩལ། འཕྲོད་བསྟེན་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་བདེ་ཆེན་རྫོང་དུ་སྤེལ་བའི་རྣམ་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བཟོ་ཚོགས། ཞིང་ལས་དང་ཚན་རྩལ་ཅུའུ། རྫོང་ཉེན་རྟོག་རུ་ཆེན་བཅས་སྤངས་རྩི་རོང་གྲོང་རྡལ་འཕྲོད་བསྟེན་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། སྤངས་རྩི་རོང་གྲོང་རྡལ་དུ་སོང་ནས“ཞིང་གསུམ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནས་འཆམ་མཐུན་བདེ་འཇགས་ཀྱི་ཁྱིམ་གཞི་སྐྲུན་པ”ཞེས་པའི”རིག་གནས་དང་ཚན་རྩལ། འཕྲོད་བསྟེན་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ། གསར་འགོད་པས་བྱ་བའི་ཚན་ཆུང་དང་འགྲོགས་ནས་བྱ་འགུལ་སྤེལ་རོགས་བྱས་པས། དོན་དངོས་སྟེང་མང་ཚོགས་ཀྱིས་བྱ་འགུལ་འདི་ལྟ་བུ་སྤེལ་བའི་སྤྲོ་སྣང་ཉམས་སུ་མྱོང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10