ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-01-07
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2012ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་མཉམ་འབྲེལ་ཁྲིམས་འཛིན་ཡུན་རིང་ལམ་ལུགས་ལ་ཤུགས་བསྣན་ཏེ། རྒྱུན་ལྡན་དུ་ཁྲིམས་འཛིན་བྱེད་པ་དང་ཆེད་དོན་ལེགས་བཅོས་བྱ་བ་གཉིས་ཟུང་འབྲེལ་བྱས་པ་བརྒྱུད། ཕན་འབྲས་ཡོད་པའི་སྒོ་ནས་གནས་སྐོར་འཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་འགན་སྲུང་བྱས་པ་དང་། གནས་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བ་རྒྱུན་ཆད་མེད་པར་ཚད་ལྡན་ཅན་དུ་འགྲོ་བར་སྐུལ་འདེད་བྱས།ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་དུ་གནས་སྐོར་ཡོང་བའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན། གནས་སྐོར་ཚོང་ར་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེ་རུ་སོང་ཞིང་། ལས་རིགས་དོ་དམ་བྱ་བའི་སྣོན་ཤུགས་ཤུན་ཏུ་ཆེ། 2012ལོར་བདེ་ཆེན་ཁུལ་གནས་སྐོར་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཁྲིམས་འཛིན་བྱེད་པའི་སྟོབས་ཤུགས་ཇེ་ཆེར་བཏང་། ལོ་གཅིག་གི་རིང་། བཟོ་ཚོང་དང་འགྲིམ་འགྲུལ། སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག བདེ་འཇགས་ལྟ་སྐུལ། དངོས་ཟོག་རིན་གོང་། རྒྱུ་སྤུས་ལྟ་སྐུལ རིག་གནས། སྨན་རྫས་ལྟ་སྐུལ། ཁྲལ་བསྡུ། འཕྲོད་བསྟེན་སོགས་སྡེ་ཁག16ལ་མཉམ་འབྲེལ་བྱས་པ་དང་། ཚན་ཆུང་གསུམ་དུ་བགོས་ནས་བདེ་ཆེན་ཁུལ་གྱི་ཡུལ་ལྗོངས་ཁུལ16དང་། གནས་སྐོར་ཚོང་ཁང18། སྐར་མ་རིམ་པའི་གསོལ་ཁང54། བོད་རིགས་སྤྲོ་ཁྱིམ15། རིག་རྩལ་འཁྲབ་སྟོན་ལྟེ་གནས2བཅས་ལ་ཐེངས་མང་པོར་ཞིབ་བཤེར་དང་ཁྲིམས་འཛིན་བྱས། གནས་སྐོར་ཐད་ཀྱི་ཁྲིམས་འཛིན་ཆེད་དོན་བྱ་འགུལ་སྤེལ་བ་བརྒྱུད། གནས་སྐོར་ཕྱོགས་ཀྱི་ཞུ་གཏུག་སྤྱི་གྲངས་དུས་མཉམ་ལས51%ཇེ་ཉུང་དུ་སོང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10