བདེ་སྐྱིད་འཚོ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན། 2013-01-07
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ལུགས་གསར་ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན3281ལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་མོ་ཁྲི358བྱིན།རེབ་འདིར་མ་དངུལ་བྱིན་པའི་ཚད་གཞི་ནི། མཁར་གྲོང་ཁྱིམ་ཚང་གི་ཁྱིམ་ཐོ་ཡོད་པའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལོངས་སུ་སྤྱོད་པའི་དབང་བོ་སྐྱོན་ཅན་རེར་ཟླ་རེར་སྒོར་མོ156གི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་མ་དངུལ་བྱིན་པ་དང་། མཁར་གྲོང་གི་ཁྱིམ་ཐོ་ཡོད་པའི་མ་མཐའི་འཚོ་བའི་ཁ་གསབ་མ་དངུལ་ལོངས་སུ་སྤྱོད་བཞིན་མེད་པའི་དབང་བོ་སྐྱོན་ཅན་རེར་ཟླ་རེར་སྒོར་མོ56གི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་བརྒྱབ། ཞིང་སྡེའི་ཁྱིམ་ཐོ་ཡོད་པའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལོངས་སུ་སྤྱོད་བཞིན་པའི་དབང་བོ་སྐྱོན་ཅན་རེར་སྒོར་མོ82ཀྱི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་བརྒྱབ་པ་དང་། ཞིང་སྡེའི་ཁྱིམ་ཐོ་ཡོད་ནའང་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལོངས་སུ་སྤྱོད་བཞིན་མེད་པའི་དབང་བོ་སྐྱོན་ཅན་ལ་ཟླ་རེར་སྒོར་མོ32ཀྱི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་བརྒྱབ་པ་རེད།2013ལོ་ནས་བཟུང་སྟེ། ཁ་གསབ་རྒྱག་པའི་བྱ་བ་དུས་ཚིགས་རེར་ཐེངས་རེར་སྤེལ་རྒྱུ་ཡིན་པ་དང་། ད་ལྟ་མཚོ་ནུབ་ཁུལ་ནོར་སྲིད་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་ཆ་ཚང་མ་དངུལ་དངོས་འབེབས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། ཁ་གསབ་མ་དངུལ་ལ་ཞིབ་བཤེར་ནན་མོ་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་ཁ་གསབ་སྟེར་བའི་བྱ་བ་ཚད་ལྡན་དུ་གཏོང་བཞིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10