ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-01-07
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོ་སར་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི15སྣེ་ལེན་བྱས་ཤིང་། དུས་མཉམ་ལས12.5%ཡར་འཕར། དེའི་ནང་གནས་སྐོར་ཤག་སྡོད་བྱེད་མཁན་མི་ཐེངས་ཁྲི4.5དང་། ཉིན་གཅིག་ལ་གནས་སྐོར་བྱེད་མཁན་མི་ཐེངས་ཁྲི10.5སྣེ་ལེན་བྱས་པ་བཅས་གནས་སྐོར་ཐད་ཀྱི་ཡོང་སྒོ་ཁྲི5290.19ལ་སླེབས་པ་དང་། དུས་མཉམ་ལས23.5འཕར་སྣོན་བྱུང་། ཉེ་བའི་ལོ་འགའི་རིང་། “སེམས་ཀྱི་ཉི་ཟླ”ཞེས་པའི་མིང་རྟགས་མཚན་སྙན་ཉིན་རེར་རྒྱས་བཞིན་ཡོད་པ་དང་བསྟུན། སེམས་ཀྱི་ཉི་ཟླའི་གནས་སྐོར་ཚོང་རའི་འགུག་ཤུགས་མཐོར་འདེགས་བྱུང་བ་དང་། གནས་སྐོར་བ་མང་པོ་ཞིག་སེམས་ཀྱི་ཉི་ཟླ་རྫོང་དུ་སོང་ནས་གནས་སྐོར་ལྗོངས་རྒྱུ་བྱེད་ཀྱིན་ཡོད། དགུན་ཚིགས་པ་ནས་བཟུང་། སེམས་ཀྱི་ཉི་ཟླ་རྫོང་གི་གནམ་གཤིས་ཁ་དབུགས་ཇེ་ཞན་དུ་སོང་ཡོད་ནའང་། གནས་སྐོར་བ་སེམས་དུ་ཉི་ཟླ་རྫོང་དུ་ཕེབས་ནས་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཉམས་སུ་མྱོང་བའི་གོམ་ཁ་འགོག་མི་སྲིད།2013ལོ་སར་སྐབས་སུ། ས་གནས་སོ་སོའི་གནས་སྐོར་བ་རྣམས་གུང་གསེང་ལ་བརྟེན་ནས་བདེ་ཆེན་ཁུལ་དུ་སོང་ཞིང་། གངས་རིའི་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ལོ་སར་དུས་ཆེན་ལ་རོལ་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10