ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོས་བཅའ་ཁྲིམས་རོགས་སྐྱོར་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་དམངས་ལ་ཞབས་འདེགས་ཞུ་བར་རྩ་དོན་དུ་བཟུང་ཞིང་། སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་པར་ལས་འགན་དུ་རྩིས་ནས་ནུས་ཤུགས་ཡོད་ཚད་སྒོས་བཅའ་ཁྲིམས་ཁྲིམས་ལུགས་ཤེས་བྱ་དང་བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་དྲིལ་བསྒྲགས་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ལས་བྱེད་པས་ནན་ཏན་སྒོས་བཅའ་ཁྲིམས་རོགས་སྐྱོར་བྱ་བ་སྒྲུབ་པར་མཛུབ་ཁྲིད་བྱས་པ་དང་། རྒྱ་ཆེའི་དཀའ་ཁག་མང་ཚོགས་རྣམས་ལ་ཞབས་ཞུ་ལེགས་པའི་བཅའ་ཁྲིམས་རོགས་སྐྱོར་བྱས་པས། བདེ་ཆེན་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།
ཤེས་གསལ་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། བདེ་ཆེན་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་རོགས་སྐྱོར་མི་སྣས་མཉམ་སྒོས་འབད་པ་བྱས་འོག དམངས་དོན་བཅའ་ཁྲིམས་རོགས་སྐྱོར་གྱོད་དོན368དང་། ཉེས་དོན་བཅའ་ཁྲིམས་རོགས་སྐྱོར་གྱོད་དོན135། རིགས་མི་འདྲ་བའི་བཅའ་ཁྲིམས་གཏུགས་ཡིག443བཅས་འདོན་སྤྲོད་བྱས་པས། བཅའ་ཁྲིམས་རོགས་སྐྱོར་བྱ་བར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁས་ལེན་ཐོབ། །