བདེ་ཆེན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-01-16

2012ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཙིགས་སུ་འཛིན་པ་དང་།  ནུས་ཤུགས་ཡོད་ཚད་བཏོན་ནས་དམངས་འཚོ་ལེགས་བཅོས་བྱེད་པ།  དཀའ་ཁག་གང་མང་སེལ་བྱེད་ཐབས་བྱས་པ་སོགས་ནན་ཏན་སྒོས་བྱ་བ་སོ་སོར་ཁྱབ་སྤེལ་བྱས་པ་བརྒྱུད།  མུ་མཐུད་དུ་དཔལ་འབྱོར་འཕེལ་རྒྱས་དང་།  རིག་གནས་དར་སྤེལ།  མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བདེ་འཇགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བའི་རྣམ་པ་ལེགས་པོ་ཞིག་སྐྲུན་པ་རེད། 

དམངས་འཚོ་ལེགས་བཅོས་བྱ་བ་སྔར་ལས་རྒྱ་ཆེར་སྤེལ་བ་དང་།  དོན་དངོས་སྟེང་མང་ཚོགས་རྣམས་སློབ་གྲྭ་འགྲིམས་དཀའ་བ་དང་། སྨན་བཅོས་བྱེད་དཀའ་བ།  སྡོད་ཁང་དང་ལས་ཞུགས་སོགས་ཕྱོགས་གང་ཐད་ནས་གནས་བའི་གནད་དོན་ཐད་གཅོད་བྱས་པས།  དམངས་འཚོའི་འགན་སྲུང་བྱ་བ་སྔར་ལས་མཐོར་འདེགས་བྱུང་།  

སྤྱི་ཚོགས་བདེ་འཇགས་རྨང་གཞི་སྔར་ལས་སྲ་བརྟན་ཡིན་པ་དང་།  བདེ་ཆེན་རྫོང་ཏང་ཨུས་ཏང་གི་འགོ་ཁྲིད་དང་།  མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ་གཅིག་ཏུ་བསྡུས་ཏེ།  དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་།  མི་དམངས་སྲིད་གྲོས་ཀྱིས་ཧུར་ཐག་སྒོས་ལས་དོན་སྣ་ཚོགས་སྒྲུབ་པ་སོགས་མི་རིགས་དང་ཆོས་ལུགས།  ཕྱི་དོན།  འཐབ་ཕྱོགས་གཅིག་གྱུར་སོགས་བྱ་བ་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། 

 སྐྱེ་ཁམས་འཛུགས་སྐྲུན་གྱི་ནུས་ཤུགས་སྔར་ལས་ཇེ་ཆེར་བཏང་ཞིང་།  འཕེལ་རྒྱས་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོང་དང་།  སྐྱེ་ཁམས་སྲུང་སྐྱོང་ཁྲོད་དུ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་ས་གནས་ཀྱི་གནས་བབ་ལ་བསྟུན་ནས་ཤིང་ལས་དཔལ་འབྱོར་དང་ནགས་ལས་དཔལ་འབྱོར་གཙོ་བྱས་པའི་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་སུ་བཏང་ནས།  སྐྱེ་ཁམས་འཛུགས་སྐྲུན་ཐད་སྔར་ལས་ཤུགས་སྣོན་པ་རེད། 

 ཚན་རིག་གི་འཕེལ་རྒྱས་ལྟ་བས་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་ལས་མཐོར་འདེགས་བྱུང་བ་དང་། བདེ་ཆེན་རྫོང་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་ཕྱོགས་ཀྱི་ལས་འགན་དང་པོ་རུ་བཞག་པ་དང་།  སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན།  སློབ་སྦྱོང་རང་བཞིན་གྱི་ཏང་རྩ་འཛུགས་གསར་སྐྲུན་བྱེད་པ། རྒྱལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོ་སོགས་སྤེལ་བཞིན་པའི་སྐལ་བཟང་དང་བསྟུན།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཁུལ་ཏང་ཨུས་འབྲེལ་ཡོད་བླང་བྱ་ལྟར།  ནན་ཏན་སྒོས་རྩ་འཛུགས་དང་བཀོད་སྒྲིག་བྱས་པ་བརྒྱུད།  གཏིང་ཟབ་སྒོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་པས།  ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་མང་ཚོགས་ཡོངས་ཀྱི་བློ་རུ་ངེས་ཡོད།  །  

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་སྐབས་གསུམ་པའི་ན་གཞོན་གླུ་བའི་འགྲན་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།