བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འབའ་ལུང་རྫོང་དུ་གསར་འགོད་པའི་ས་ཚིགས་དངོས་སུ་བཙུགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2012-12-19

བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འབའ་ལུང་རྫོང་དུ་གསར་འགོད་པའི་ས་ཚིགས་དངོས་སུ་བཙུགས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས14ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འབའ་ལུང་རྫོང་གསར་འགོད་པའི་ས་ཚིགས་དངོས་སུ་བཙུགས་པ་དང་།  འདི་ནི་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སེམས་ཀྱི་ཉི་ཟླ་རྫོང་དུ་གསར་འགོད་པའི་ས་ཚིགས་བཙུགས་པའི་རྗེས་སུ་འབའ་ལུང་རྫོང་དུ་བཙུགས་པའི་གསར་འགོད་པའི་ས་ཚིགས་གཉིས་པ་ཨང་ཡིན་ལ།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་ལས་དོན་དུས་སྐབས་གསར་བ་ཞིག་ལ་ཐོན་ཡོད་པ་མཚོན་ལ། འབའ་ལུང་རྫོང་ཏང་ཨུ་དང་།  རྫོང་སྲིད་གཞུང་གིས་གསར་འགྱུར་དྲིལ་སྒྲོག་བྱ་བ་མཐོང་ཆེན་བྱེད་པ་དང་།  དྲིལ་བསྒྲགས་གླེང་ཕྱོགས་ཀྱི་གར་སྟེགས་གསར་སྐྲུན་བྱེད་པ་བཅས་འབའ་ལུང་རྫོང་གི་སྣང་ཚུལ་ལེགས་པོ་འགྲེམ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། 

འབའ་ལུང་རྫོང་ཏང་ཨུའི་འགོ་ཁྲིད་པས་གསར་འགོད་པའི་ས་ཚིགས་ཀྱི་སྒོ་ཡོལ་འབྱེད།

བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་ཀྱིས་གསར་འགོད་པའི་ས་ཚིགས་ཀྱི་བློ་མཐུན་རྣམས་ལ་བྱ་བ་ལེགས་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ཤང་གྲོང11ལ་མེ་འགོག་འཕྲུལ་ཆས་འགྲེམ་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།