བདེ་ཆེན་ཁུལ་གྱིས་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ    2012-12-19

བདེ་ཆེན་ཁུལ་གྱིས་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་པ།
ཚེས13ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྫོང་དུ་ཁུལ་ཡོངས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས།  གྲོས་ཚོགས་ལས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ།  ཕྱོགས་ཡོངས་ནས་བདེ་ཆེན་ཁུལ་གྱི་སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་སྤྱི་བསྡོམས་དང་ཕྱིར་དྲན་བྱས་པའི་དུས་མཚུངས་སུ།  དུས་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་པ་དང་། བདེ་ཆེན་ཁུལ་གྱི་སློབ་གསོ་བྱ་གཞག་འདྲ་མཉམ་དང་།  མཐུན་སྦྱོར། ཐོལ་བརྒལ་རང་བཞིན་གྱི་ངང་ནས་འཕེལ་རྒྱས་སུ་སྐུལ་འདེད་བྱས་པ་བརྒྱུད།  མི་དམངས་ཀྱི་ཡིད་ཆེས་བྱེད་པའི་སློབ་གསོ་ལས་དོན་ཞིག་སྒྲུབ་པར་འབད་བརྩོན་བྱེད་དགོས་པ་བསྟན། 

གྲོས་ཚོགས་སྐབས་སུ། ཚོགས་ཞུགས་མི་སྣས་ད་དུང་བདེ་ཆེན་ཁུལ་གྱི་ཐད་གཏོགས་སློབ་གྲྭ་དང་སེམས་ཀྱི་ཉི་ཟླ་རྫོང་གི་སློབ་གྲྭ་ཁ་ཤས་ཀྱི་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་སློབ་གསོ་བཅོས་བསྒྱུར་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར།  ཁུལ་ཡོངས་ཀྱི་སྔོན་ཐོན་སློབ་གྲྭ།  ཕུལ་བྱུང་སློབ་གཙོ།  ཕུལ་བྱུང་དགེ་རྒན་བཅས་ལ་གཟེངས་བསྟོད་བྱས། 

རྫོང་སོ་སོ་དང་གསར་སྤེལ་གྱི་ཏང་སྲིད་འགན་ཁུར་བློ་མཐུན་དང་།  ཤང་གྲོང་གི་འགན་ཁུར་མི་སྣ་བཅས་ཁུལ་རིམ་པའི་སྡེ་ཁག་དང་བདེ་ཆེན་ཁུལ་དུ་སྡོད་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་ཁུར་མི་སྣ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭའི་འགན་ཁུར་བ་རྣམས་གྲོས་ཚོགས་ཞུགས།   ། 


 

  • ལེ་ཚན་སྔོན་མ།:བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འབའ་ལུང་རྫོང་དུ་གསར་འགོད་པའི་ས་ཚིགས་དངོས་སུ་བཙུགས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འབའ་ལུང་རྫོང་དུ་གསར་འགོད་པའི་ས་ཚིགས་དངོས་སུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།