ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-12-14
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཞིང་སྡེའི་མེ་སྐྱོན་སྔོན་འགོག་མ་ལག་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་མེ་འགོག་ཆུ་ཚད་མཐོར་འདེགས་བྱེད་ཆེད། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མེ་འགོག་ཉེན་རྟོག་རུ་ཁག་སེམས་ཀྱི་ཉི་ཟླ་རྫོང་ཡན་ལག་རུ་ཆེན་གྱིས་ཤང་དང་གྲོང་རྡལ་དུ་མེ་འགོག་འཕྲུལ་ཆས་འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས་ཤིང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ61ལ་མེ་འགོག་འཕྲུལ་ཆས་འགྲེམ་གཏོང་བྱས།
ཤེས་གསལ་བྱུང་བ་ལྟར་ན། མེ་འགོག་སྡེ་ཁག་གིས་ཤང་དང་གྲོང་རྡལ་དུ་མེ་འགོག་འཕྲུལ་ཆས་འགྲེམ་གཏོང་བྱེད་པའི་གོ་སྐབས་དང་བསྟུན་ནས། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མེ་འགོག་རུ་ཁག་ཚད་ལྡན་ཅན་དུ་དོ་དམ་བྱེད་པར་ཤུགས་སྣོན་པ་མ་ཟད། ཤང་དང་གྲོང་རྡལ། སྲིད་འཛིན་སྡེ་བའི་མེ་འགོག་མི་སྣ་སྔ་མོ་ནས་མེ་འགོག་འཕྲུལ་ཆས་བཀོད་སྤྱོད་བྱེད་ནུས་ཤིང་། ཞིང་སྡེ་དང་འདུས་སྡོད་ཁུལ་གྱི་མེ་འགོག་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10