ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-09-19
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཇུས་འགོད་གླིང་དང་ཧྲང་ཧེ་ཡས་ཧེ་དོ་དམ་ལྟ་སྐུལ་ཚད་ཡོད་ཀུང་ཟི། བདེ་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་བདེ་ཆེན་རྫོང་ལུས་རྩལ་ར་བའི་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་བྱས། ཡུལ་དངོས་སུ་བརྟག་དཔྱད་དང་དོ་དམ་ལྟ་སྐུལ་ཕྱོགས་ཀྱི་རྣམ་གྲངས་སྤུས་ཚད་ལ་གདེང་འཇོག་བྱས་པ་བརྒྱུད། ཚང་མས་བཟོ་འགོད་འདི་ཇུས་འགོད་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་ཚད་ལྡན་ཡིན་པས། ཞིབ་བཤེར་རྩིས་ལེན་ཐོབ།
རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཆེན་རྫོང་ལུས་རྩལ་ར་བའི་འཛུགས་སྐྲུན་རྣམ་གྲངས་ནི2009ལོའི་ཟླ12པར་དངོས་སུ་ལས་འགོ་བརྩམས་པ་དང་། རྣམ་གྲངས་ཇུས་འགོད་ལས་ཁུངས་ནི་ཡུན་ནན་ཞིང་ཆེན་མཁར་གྲོང་འཆར་འགོད་ཇུས་འགོད་གླིང་ཡིན། ལུས་རྩལ་ར་བ་འཛུགས་སྐྲུན་བྱས་པ་བརྒྱུད། བདེ་ཆེན་རྫོང་གིས་ལས་རྩལ་འགྲན་བསྡུར་སྣ་ཚོགས་བསྡུ་བ་དང་། རིག་རྩལ་འཁྲབ་སྟོན་བྱེད་པ། རྒྱ་ཆེའི་མང་ཚོགས་རྣམས་ལ་ལུས་པོ་སྦྱོང་བརྡར་བྱེད་པར་ཆ་རྐྱེན་ལེགས་པོ་སྐྲུན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10