ནེ་ཞི་ཤང་གིས་སྡེ་བ་ཡོངས་སུ་འཐུང་ཆུ་དཀའ་བའི་གནད་དོན་ཐག་བཅད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-09-17

ནེ་ཞི་ཤང་གིས་སྡེ་བ་ཡོངས་སུ་འཐུང་ཆུ་དཀའ་བའི་གནད་དོན་ཐག་བཅད་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྡེ་བ་ཡོངས་ནས་འཐུང་ཆུ་དཀའ་བའི་གནད་དོན་ཐག་བཅད་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནེ་ཞི་ཤང་ཐང་སྡོད་སྡེ་བའི་བསོད་ནམས་ནོར་བུ་ཚང་དུ་ཆུ་སྒོ་ཁ་ཕྱེ་མ་ཐག  དྭངས་གཙང་གི་རང་འབབ་ཆུ་ཐད་ཀར་རྫ་ཁོག་ནང་བཞུར་ཀྱིན་ཡོད་ལ།  ས་ཐག་རིང་དུ་ཆུ་ལེན་དུ་འགྲོ་དགོས་བའི་དཀའ་ཁག་སེལ།  ཁོ་མོ་ཚང་དུ་ད་དུང་ཉི་ནུས་ཆུ་སྐོལ་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་པས།  འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་སོང་ཡོད་པ་རེད། 

  2011ལོ་ནས་བཟུང་།  བདེ་ཆེན་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར1.2བཏང་ནས།  སྡེ་བ་ཡོངས་སུ་ཐོན་ལས་དབུལ་སྐྱོར་དང་། དབུལ་སྐྱོར་གནས་སྤོར།  ཁ་གཏད་རོགས་སྐྱོར་སོགས་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་འགོ་བརྩམས།  ཤང3དང་སྲིད་འཛིན་སྡེ་བ34ནས་རྣམ་གྲངས་འདི་དག་ལག་བསྟར་བྱས་པ་དང་།  དབུལ་སྐྱོར་གནས་སྤོར་སྡོད་དམངས2424ཟིན་པས།  ཞིང་སྡེའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་བ་རེད།  ། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཞིབ་བཤེར་ཚན་ཆུང་བདེ་ཆེན་ཁུལ་དུ་སོང་ནས་དཔལ་འབྱོར་བྱ་བར་ཞིབ་བཤེར་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་ལུས་རྩལ་ར་བའི་འཛུགས་སྐྲུན་བཟོ་འགོད་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།