ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-09-17
ཟླ9བའི་ཚེས11ཉིན། བདེ་ཆེན་ཁུལ་དུ་བསྡུས་པའི་བྱ་བའི་སྙན་ཞུའི་ཚོགས་འདུ་སྟེང་། བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲུང་ཀྲུ་ཅོན་གྱིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་བབ་དང་། ཀྲུང་དབྱང་གིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་སྤེལ་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཚུལ་སོགས་ནས་སྙན་ཞུ་ཕུལ།
བྱ་བའི་སྙན་ཞུ་ལ་ཉན་རྗེས། ཞིབ་བཤེར་ཚན་ཆུང་གིས་བདེ་ཆེན་ཁུལ་གྱི་ཕྱོགས་སོ་སོ་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་མཛད་པ་མ་ཟད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ལ་བསམ་འཆར་གང་ལེགས་བཏོན། བྱེད་ཐབས་སོ་སོ་ལག་བསྟར་བྱེད་པའི་ཁྲོད། འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། བྱ་བ་སོ་སོ་བཀོད་སྒྲིག་ལེགས་པོ་བྱས་ཏེ། སྔར་ལས་ལྷག་པར་ནུས་ཤུགས་ཡོད་དགུ་བཏོན་ནས་རྒྱབ་སྐྱོར་མང་པོ་ཐོབ་པར་བརྩོན་ལེན་བྱེད་པ་སོགས་ཀྲུང་དབྱང་གིས་བདེ་ཆེན་ཁུལ་ཀྱི་སྤྱི་ཚོགས་དཔལ་འབྱོར་ཐད་གནང་བའི་སྲིད་ཇུས་ལག་བསྟར་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10