ཀྲུང་གོ་བོད་ཀྱི་དྲ་བ། 2012-09-13
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས2012ལོའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། བཞུགས་མོལ་ཚོགས་འདུ་སྟེང་རྫོང་ཡོངས་ཀྱི་རིགས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་དང་། རྒྱལ་གཅེས་ཆོས་ལུགས་མི་སྣ་སོགས་གདན་ཞུ་བྱས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུ་སྟེང་། བདེ་ཆེན་རྫོང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ཚོགས་ཞུགས་མི་རིགས་སོ་སོའི་འཐུས་མི་ཚོར་ཉེ་བའི་ལོ་འགའི་རིང་བདེ་ཆེན་རྫོང་གིས་མི་རིགས་བྱ་གཞག་ཁྲོད་བླངས་བའི་གྲུབ་འབྲས་སྙན་ཞུ་ཕུལ་བ་དང་། ཚོགས་ཞུགས་མི་རིགས་སོ་སོའི་འཐུས་མི་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ91རིང་ལ། ཏང་དང་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་མི་རིགས་སྲིད་ཇུས་འོག བདེ་ཆེན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་ལ་གནམ་ས་བླ་འོག་བརྗེ་བའི་འཕོ་འགྱུར་ཆེན་པོ་བྱུང་བར་བརྗོད་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། བདེ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་བྱ་བར་བསམ་འཆར་གང་ལེགས་བཏོན།
ཉེ་བའི་ལོ་འགའི་རིང་། བདེ་ཆེན་རྫོང་གི་མི་རིགས་ལས་དོན་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་བཅས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་འབད་པ་བྱས་འོག མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་བྱ་གཞག་སོ་སོ་དམིགས་འབེན་དུ་བཟུང་ནས། གྲུབ་འབྲས་ལེགས་པོ་ཐོབ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10