ཀྲུང་གོ་བོད་ཀྱི་དྲ་བ། 2012-09-11
རྒྱུས་ལོན་པ་ལྟར་ན། ཉེ་ལམ། སེམས་ཀྱི་ཉི་ཟླ་རྫོང་ལས་རིགས་ལག་རྩལ་སློབ་གླིང་དང་བདེ་ཆེན་ཁུལ་མི་རིགས་ཆེད་སྦྱོང་སློབ་གྲྭ་གཉིས་ཀྱིས་ཆེད་དོན་འཆད་ཁྲིད་དང་། རིག་རྩལ་དགོང་ཚོགས། སྤོ་ལོ་འགྲན་བསྡུར། བཞུགས་མོལ་ཚོགས་འདུ་བསྡུས་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། དགེ་རྒན་ཐེངས28པ་དང་སློབ་གྲོགས་གསར་བ་བསུ་བ་བྱེད་པར་དགའ་སྟོན་རྟེན་འབྲེལ་ཞུས། བྱ་འགུལ་སྤེལ་སྐབས་སུ་སློབ་གྲྭས་ད་དུང་དགེ་རྒན་ཕུལ་བྱུང་ཅན17དང་། སྔོན་ཐོན་སློབ་གསོ་བྱ་བ་སྒྲུབ་མཁན8། སློབ་གསོའི་དཔྱད་རྩོམ་དཔྱད་འདེམས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པའི་དགེ་རྒན9ལ་གཟེངས་བསྟོད་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10