《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་སློབ་གསོ་ཀློག་དེབ》པར་སྐྲུན་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-09-04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་པ་དང་།  བདེ་ཆེན་ཁུལ་གྱི་ཆེད་ལས་མཁས་པས་རྩོམ་སྒྲིག་བྱས་པའི《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་སློབ་གསོ་ཀློག་དེབ》དངོས་སུ་པར་སྐྲུན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་སློབ་གསོ་ཀློག་དེབ》ནི་སློབ་འབྲིང་སློབ་མ་གཙོར་བཟུང་བའི་སློབ་གསེང་གི་ཀློག་དེབ་ཅིག་ཡིན་ལ།  དཔེ་དེབ་ཡོངས་སུ་མཚར་སྡུག་ལྡན་པའི་ཕ་ཡུལ་དང་།  ཡུན་རིང་གི་ལོ་རྒྱུས།  ཕུན་སུམ་ཚོགས་པའི་རིག་གནས། རིགས་སོ་སོའི་ལོ་རྒྱུས་བྱུང་རིམ། ཆོས་ལུགས་དང་ཐོན་ཁོངས་གནད་བསྡུས། གྲུབ་འབྲས་འགྲེམ་སྟོན་དང་མ་འོངས་རྒྱང་ལྟ་སོགས་ནང་དོན6འདུས། དཔེ་དེབ་འདི་ཀློག་འདོན་བྱས་པ་ལས་བདེ་ཆེན་ཁུལ་ཕྱི་ནང་གི་ཀློག་པ་པོས་ཕྱོགས་ཡོངས་ནས་བདེ་ཆེན་ཁུལ་གྱི་ལོ་རྒྱུས་རིག་གནས་དང་། མི་རིགས་ཡུལ་སྲོལ།  རང་བྱུང་ས་གཤིས།  སྐྱེ་ཁམས་ཁོར་ཡུག་སོགས་རྒྱུས་ལོན་བྱེད་པར་མཐུན་རྐྱེན་ལེགས་པོ་སྐྲུན།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་སྡེའི་རིག་གནས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་པ།
  • ལེ་ཚན་རྗེས་མ།:ཡུན་ནན་ཞིང་ཆེན་བསྡོམས་རྩིས་ཅུའུ་བདེ་ཆེན་ཁུལ་དུ་སོང་ནས་སྡོམ་རྩིས་བྱ་བར་ལྟ་ཞིབ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།