ཡུན་ནན་ཞིང་ཆེན་བསྡོམས་རྩིས་ཅུའུ་བདེ་ཆེན་ཁུལ་དུ་སོང་ནས་སྡོམ་རྩིས་བྱ་བར་ལྟ་ཞིབ་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-09-04

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས29ཉིན་ནས་ཚེས31ཉིན་བར་དུ།  ཡུན་ནན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་སྤྱི་ཁྱབ་འདུ་འགོད་པ་ལུའུ་ཧའོ་ཡིས་སྣེ་ཁྲིད་པའི་ལྟ་ཞིབ་ཚན་ཆུང་བདེ་ཆེན་ཁུལ་དུ་སོང་ནས་བསྡོམས་རྩིས་བྱ་བར་ལྟ་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གི་ཆེད་དོན་སྙན་ཞུར་ཉན། 

ལྟ་ཞིབ་ཚན་ཆུང་གིས་བདེ་ཆེན་ཁུལ་བསྡོམས་རྩིས་ཅུའུ་དང་སེམས་ཀྱི་ཉི་ཟླ་རྫོང་བསྡོམས་རྩིས་ཅུའུ་ཡི་འགན་ཁུར་མི་སྣའི་ཆེད་དོན་གནས་ཚུལ་སྙན་ཞུ་ལ་ཉན་རྗེས། ཚད་མཐོན་པོའི་སྒོ་ནས་བདེ་ཆེན་ཁུལ་གྱི་བསྡོམས་རྩིས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་བྱས།  བསྡོམས་རྩིས་བྱ་བའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ།  ལྟ་ཞིབ་ཚན་ཆུང་གིས་སྔར་ལས་ལྷག་པར་གཞི་རིམ་གྱི་བསྡོམས་རྩིས་བྱ་བར་ཤུགས་སྣོན་དགོས་པ་དང་། གཞི་རིམ་གྱི་བསྡོམས་རྩིས་མི་སྣར་ཁོར་ཡུག་ལེགས་པོ་སྐྲུན་པ།  སྔར་ལས་ལྷག་པར་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ཏེ།  དཔུང་ཁག་གི་ལས་ཀའི་རྒྱུ་སྤུས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པ་མ་ཟད། ཁུལ་ཡོངས་ཀྱི་བསྡོམས་རྩིས་ལས་བྱེད་མི་སྣས“མཐོ་སྒང་དུ་ཁ་དབུགས་དཀོན་ཡང་སྙིང་སྟོབས་ལྡན་པའི”སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས་པའི་བླང་བྱ་བཏོན།  །

  • ལེ་ཚན་སྔོན་མ།:《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་སློབ་གསོ་ཀློག་དེབ》པར་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:རྡོ་མཁར་གནའ་རྫོང་གི་མི་རིགས་ལག་ཤེས་ཐོན་རྫས་ལ་གནས་སྐོར་བའི་དགའ་བསུ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།