འབའ་ལུང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྲ་འགྱུར་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-08-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྲ་འགྱུར་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་།  མིག་སྔའི་བར་དུ2011ལོའི་ཞིང་སྡེའི་གཞུང་ལམ12ཀྱི་སྲ་འགྱུར་བཟོ་འགོད་འཛུགས་སྐྲུན་ལས་གཞུང་ལམ6ལེགས་འགྲུབ་བྱུང་བ་དང་ཞིབ་བཤེར་རྩིས་ལེན་བྱེད་པར་སྒུག་ཡོད།  འཆར་གཞི་ལྟར་ན2012ལོའི་སྤྱིའི་རིང་ཚད་ལ་སྤྱི་ལེ75.6དང་སྤྱིའི་མ་དངུལ་སྒོར་ཁྲི3000གཏོང་རྒྱུ་ཡིན་པའི་ཞིང་སྡེའི་གཞུང་ལམ་སྲ་འགྱུར་བཟོ་འགོད་ལས་གཞུང་ལམ10འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ད་ལྟ་སུས་འཇོན་དེར་དངུལ་བྱེད་བཞིན་པའི་སྒང་ཡིན། 

ཞིང་སྡེའི་གཞུང་ལམ་ནི་གཞུང་ལམ་དྲ་རྒྱའི་རྨང་གཞི་ཡིན་པ་དང་།  ཞིང་སྡེའི་གཞུང་ལམ་སྐྱེལ་འདྲེན་ནི་འབའ་ལུང་རྫོང་ལ་མཚོན་ན་ཅུང་དགོས་གལ་ཆེ་བའི་སྐྱེལ་འདྲེན་གྱི་རྣམ་པ་ཞིག་ཡིན་པས།  མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་།  ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས།  ཕྱོགས་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྒྲིག་ཆས་ལ་འབྲེལ་བ་དམ་པོ་ཡོད།  རྒྱུས་ལོན་པ་ལྟར་ན།  2012ལོའི་ཟླ12པར་འབའ་ལུང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྲ་འགྱུར་བཟོ་འགོད་འཛུགས་སྐྲུན་གྱི་སུས་འཇོན་དེར་འགུག་བྱས་ཚར་བ་དང་།  2012ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་དངོས་སུ་ལས་འགོ་བརྩམས་པ་རེད།  །

 

  • ལེ་ཚན་སྔོན་མ།:བདེ་ཆེན་རྫོང་གིས་རིན་མི་དགོས་པར་བོད་ཡིག་དང་རྩིས་འཁོར་གསོ་སྦྱོང་སྤེལ་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཐབས་ཇུས་མཉམ་ལས་ཕྱོགས་ནས་གྲོལ་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།