ཚེ་རིང་རྒྱ་མཚོས་བསྒྱུར། སེམས་ཀྱི་ཉི་ཟླའི་དྲ་བ། 2012-08-17
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། མཉམ་གཅིག་ཏུ་ཕྱོགས་གཉིས་ཀྱི་ཐབས་ཇུས་མཉམ་ལས་བྱ་བའི་འབྲེལ་ཡོད་གནད་དོན་ཐད་ནས་གྲོལ་མོལ་བྱས།
ཉིན་དེར་བསྡུས་པའི་བཞུགས་མོལ་ཚོགས་འདུ་སྟེང2011ལོའི་ཟླ6པའི་ཚེས11ཉིན་ཕྱོགས་གཉིས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སི་ཁྲོན་ཡ་ཅང་རྫོང་དུ་མཉམ་འབྲེལ་བརྗེ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཞིར་བཟུང་ནས། དེང་སྐབས་དང་རྗེས་མའི་དུས་རིམ་ཞིག་གི་ནང་དུ་སི་ཁྲོན་དང་ཡུན་ནན་བར་གྱི་ནུབ་རྒྱུད་བགྲོད་ལམ་འཛུགས་སྐྲུན་མཉམ་ལས་དང་། སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་གསར་སྤེལ། ཆུ་གློག་ཐོན་ཁུངས་གསར་སྤེལ་བཅས་ཀྱི་ཕྱོགས་ནས་མཉམ་འབྲེལ་བྱེད་པའི་དུས་མཚུངས་སུ། མངའ་ཁོངས་གཞན་དག་ཐད་ནས་གཏིང་ཟབ་སྒོས་མཉམ་འབྲེལ་བྱེད་པ་དང་། མཉམ་འབྲེལ་བྱེད་པའི་ནང་དོན་ཇི་ལྟར་དོན་ཐོག་ཏུ་འཁྱོལ་བ་སོགས་ལས་གྲོས་མོལ་བྱས།
ཕྱོགས་གཉིས་ཀྱིས་དཀར་མཛེས་ཁུལ་དང་བདེ་ཆེན་ཁུལ་གཉིས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་དཀྱིལ་དབུས་ས་ཁུལ་དུ་ཆགས་ཡོད། ས་གནས་གཉིས་ཀྱི་གནས་སྐོར་ཐོན་ཁུངས་དང་། ཚོང་རའི་ཁོར་ཡུག འཕེལ་རྒྱས་ཀྱི་བགྲོད་ལམ་སོགས་གཅིག་མཐུན་ཡིན་པས། མངའ་ཁོངས་བར་གྱི་མཉམ་འབྲེལ་ཐད་ཤུགས་སྣོན་བྱེད་པ་ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་ཕྱོགས་ཡིན་པ་དང་། བོད་ཁུལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་ལ་སྐུལ་འདེད་བྱེད་པའི་གནས་བབ་འོག སྔར་ལས་ལྷག་པར་ས་གནས་གཉིས་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ས་གནས་གཉིས་བར་གྱི་ཚན་རིག་འཕེལ་རྒྱས། ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས། མཉམ་གཅིག་ཏུ་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་བྱེད་པ་བཅས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་བསྟན།
བཞུགས་མོལ་ཚོགས་འདུ་སྟེང་། བདེ་ཆེན་ཁུལ་གྱི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲུ་ཅོན་དང་། དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞུས་ཁྲོན་ཞིའུ་གཉིས་ཚོགས་འདུར་ཞུགས། བདེ་ཆེན་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཨོ་རྒྱན་བསྟན་འཛིན་གྱིས་ཚོགས་འདུར་འགོ་འཛིན་བྱས། བདེ་ཆེན་ཁུལ་བཟོ་ལས་བརྡ་འཕྲིན་ཨུ་ཡོན་ལྷན་ཁང་དང་། བདེ་ཆེན་ཁུལ་དམངས་སྲིད་ཅུའུ། བདེ་ཆེན་ཁུལ་ཞིང་ཕྱུགས་ཅུའུ། བདེ་ཆེན་ཁུལ་འགྲིམ་འགྲུལ་ཅུའུ། བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུའུ། བདེ་ཆེན་ཁུལ་གནས་སྐོར་ཅུའུ། བདེ་ཆེན་ཁུལ་ས་ཁོངས་ཐོན་ཁུངས་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཚོགས་འདུ་སྟེང་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10