བདེ་ཆེན་རྫོང་གིས་རིན་མི་དགོས་པར་བོད་ཡིག་དང་རྩིས་འཁོར་གསོ་སྦྱོང་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།        2012-08-16

བདེ་ཆེན་རྫོང་གིས་རིན་མི་དགོས་པར་བོད་ཡིག་དང་རྩིས་འཁོར་གསོ་སྦྱོང་སྤེལ་བ།
རྩིས་འཁོར་བཀོལ་སྤྱོད་བྱེད་བཞིན་པ།

བདེ་ཆེན་རྫོང་གིས་རིན་མི་དགོས་པར་བོད་ཡིག་དང་རྩིས་འཁོར་གསོ་སྦྱོང་སྤེལ་བ།
བོད་ཡིག་དགེ་རྒན་གྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་བཞིན་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས7ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་དཔེ་མཛོད་ཁང་དུ་རྩིས་འཁོར་བཀོལ་སྤྱོད་བྱེད་པའི་སྒྲ་ཡིས་ཁེངས་འདུག་ལ། སྐབས་རེར་སློབ་མས་དགེ་རྒན་ལ་འདྲི་ཚིག་འབྲི་བཞིན་པའང་གོ་ཐུབ། ཐོག་ཁང་གཉིས་པའི་སློབ་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་།  སློབ་མ་ཚོས་ལག་ཏུ་བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་བསྒྲིགས་པའི་བོད་ཡིག་སློབ་དེབ་བཟུང་ནས།  དགའ་སྤྲོའི་ངང་དགེ་རྒན་དང་ལྷན་དུ་བོད་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད། 

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ནས་སློབ་མཐར་ཕྱིན་པའི་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་སངས་རྒྱས་ནོར་བུས་གསོ་སྦྱོང་འཛིན་གྲྭ་ནང་ཞུགས་པའི་སློབ་མ་རྣམས་ལ་ང་ཚོས་ཁོ་ཚོའི་ཆུ་ཚད་དང་བསྟུན་ནས་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་།  ཐོག་དང་པོ་རྩིས་འཁོར་ལག་ལེན་བྱེད་པའི་སློབ་མ་ཚོར་རྩིས་འཁོར་འཇུག་སྒོའི་ཤེས་བྱ་དང་།  གཞུང་བྱེད་པར་གཞུང་སྒྲུབ་མཉེན་ཆས་སྒྲིག་བཟོ།  དགེ་རྒན་ཚོར་སློབ་ཁྲིད་ཁྲིད་གཞི་སྒྲིག་བཟོ་སོགས་སློབ་ཁྲིད་བྱས་པ་བརྒྱུད།  ནུས་ཤུགས་ཡོད་དགུ་བཏོན་ནས་དུས་ཚོད་ཐུང་ངུའི་ནང་གྲུབ་འབྲས་ལེགས་པོ་ཐོབ་པར་འབད་པ་བྱེད་ཀྱིན་ཡོད་ཟེར། 

 དཔེ་མཛོད་ཁང་གི་འགན་ཁུར་མི་སྣ་སྒྲོལ་མ་ཡིས་བཤད་རྒྱུར། བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་ནང་ཐོ་འགོད་བྱེད་པའི་སློབ་མ་ཧ་ཅང་མང་ལ།  བདེ་ཆེན་རྫོང་དཔེ་མཛོད་ཁང་གིས་གུང་སེང་སྐབས་སུ་རིན་མི་དགོས་པར་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་སྤེལ་བ་ནི་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་བྱས་རྗེས་འཇོག་རྒྱུའི་ཆེད་ཡིན་པ་དང་།  རྗེས་སུ་གུང་སེང་སྐབས་སུ་དཔེ་མཛོད་ཁང་གིས་ད་དུང་མུ་མཐུད་དུ་བོད་སྐད་ཡིག་གི་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ།  མི་མང་པོ་ཞིག་ལ་བོད་ཡིག་སློབ་ཏུ་འཇུག་རྒྱུ་ཡིན་པ་དང་།  བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་དུ་འཇུག་རྒྱུ་ཡིན།  སྒྲོལ་མས་ད་རུང་རྩིས་འཁོར་གསོ་སྦྱོང་ཁྲོད།  དགེ་རྒན་གྱིས་བོད་ཡིག་གི་ཆུ་ཚད་ཅུང་ལེགས་པའི་སློབ་མ་རྣམས་ལ་བོད་ཡིག་རྟགས་ཐབས་སློབ་ཁྲིད་བྱེད་རྒྱུ་ཡིན་པར་བསྟན།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་དུ་ཆུ་ལོག་བྱུང་ནས་དཔལ་འབྱོར་གྱོན་གུན་སྒོར་ཁྲི3424ལ་སླེབས་པ།
  • ལེ་ཚན་རྗེས་མ།:འབའ་ལུང་རྫོང་གིས་ཞིང་སྡེའི་གཞུང་ལམ་སྲ་འགྱུར་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།