བདེ་ཆེན་ཁུལ་དུ་ཆུ་ལོག་བྱུང་ནས་དཔལ་འབྱོར་གྱོན་གུན་སྒོར་ཁྲི3424ལ་སླེབས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-08-14

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བདེ་ཆེན་ཁུལ་དུ་ཆུ་ལོག་བྱུང་སྔ་ཞིང་། ཁུལ་ཡོངས་སུ་བསྟུད་མར་དྲག་ཆར་ཆེན་པོ་བབས། ནང་སྒོས་སུ་ད་ལོའི་ཟླ7པར་ཐོན་དུས་འབྲི་ཆུ་སྟོད་རྒྱུད་དུ་བསྟུད་མར་དྲག་ཆར་བབས་པས་ཆུ་རྒྱུན་ཡར་རྒྱས་པ་དང་།  1998ལོར་ཆུ་ལོག་བྱུང་རྗེས་ཀྱི་ཆེས་མཐོ་བའི་ཆུ་རྒྱུན་ཡིན།  འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་ཅིན་ཅང་གྲོང་རྡལ་དང་། ཧྲང་ཅང་ཤང་།  སྟག་མཆོང་གྲོག་རོང་གྲོང་རྡལ།  ཝུ་ཅིན་བཅས་ཀྱི་ཞིང་ལས་སྐྱེ་དངོས་དང་དཔལ་འབྱོར་སྐྱེ་དངོས། གཞུང་ལམ། ཟམ་པ། ཆུ་རྐ། སྡོད་ཁང་སོགས་ལ་ཚད་རིམ་མི་གཅིག་པའི་གནོད་འཚེ་ཐེབས། 

བདེ་ཆེན་ཁུལ་ཆུ་ལོག་སྔོན་འགོག་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན།  ཟླ7པའི་ཚེས31ཉིན་བར། ཁུལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་མུའུ་ཁྲི2ལྷག་ལ་གནོད་འཚེ་ཐེབས། ཞིང་ལས་དང་ནགས་ལས།  ཉ་ལས་བཅས་ལ་ཐེབས་པའི་དཔལ་འབྱོར་གྱོན་གུན་སྒོར་ཁྲི1737.48དང་། དཔལ་འབྱོར་སྐྱེ་དངོས་ལ་ཐེབས་པའི་གྱོན་གུན་སྒོར་ཁྲི648.51བཅས་ལ་སླེབས། ཆུ་ལོག་བྱུང་བ་ལས་བསྡོམས་པས་མི་གྲངས18770ལ་གནོད་འཚེ་ཐེབས་པ་དང་།  མི1ཤི །  དཔལ་འབྱོར་ཐད་ཀྱི་གྱོན་གུན་སྒོར་ཁྲི3424.66ཐེབས། 

གནོད་འཚེ་བྱུང་རྗེས།  ཁུལ་དང་རྫོང་རིམ་པའི་ཏང་ཨུའི་སྲིད་གཞུང་གིས་ཚད་མཐོན་པོར་དོ་སྣང་བྱས་པ་དང་།  སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་འཕྲད་སྒྲུབ་ཇུས་གཞི་ལག་བསྟར་བྱས་ཏེ།  མི་ཤུགས་དང་རྒྱུ་རྫས་འདོན་སྤྲོད་བྱས་ཤིང་ཧུར་ཐག་སྒོས་གནོད་འགོག་མྱུར་སྐྱོར་གྱི་ལས་སུ་ཞུགས།  ཟླ7པའི་ཚེས31ཉིན་བར་དུ།  ཁུལ་ཡོངས་སུ་གནོད་འགོག་མྱུར་སྐྱོར་བྱེད་པའི་ལྷས་མའི་ཁུག་མ2650དང་།  བྱེ་རྡོ་རྒྱ་དཔང་གྲུ་བཞི་མ0.23།  གནོད་འགོག་རྡོ་སྣུམ་ཏུན2.7།   འཕྲུལ་ཆས་སྒྲིག་ཆས22བཅས་འགྲེམ་གཏོང་བྱས་ཤིང་། གནོད་འགོག་མྱུར་སྐྱོར་ཁྲོད་མི་ཐེངས1616ཞུགས་པ་བཅས་ཧུར་ཐག་སྒོས་གནོད་འགོག་མྱུར་སྐྱོར་བྱས་པ་བརྒྱུད།  ཚད་མཐོ་བའི་སྒོ་ནས་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི 《བོད་ཡིག་བསླབ་དེབ》ཐོག་མ་རྩོམ་སྒྲིག་བྱས་ནས་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་རིན་མི་དགོས་པར་བོད་ཡིག་དང་རྩིས་འཁོར་གསོ་སྦྱོང་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།