རྒྱལ་ཐང་གྲོང་རྡལ་གྱིས་སྟག་ཟླ་དུས་ཆེན་རོལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།        2012-08-10

རྒྱལ་ཐང་གྲོང་རྡལ་གྱིས་སྟག་ཟླ་དུས་ཆེན་རོལ་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན་ནི་ལུགས་རྙིང་གི་ཟླ6པའི་ཚེས15ཉིན་ཡིན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་གྱི་ལོ་རེར་སྤེལ་བཞིན་པའི་སྟག་ཟླ་དུས་ཆེན་གྱི་ཉིན་མོ་ཡང་ཡིན་པས། ཞི་བདེ་སྡེ་བའི་རྩྭ་ཐང་སྟེང་དུ་རིགས་སོ་སོའི་མང་ཚོགས2000ལྷག་གིས་སྟག་ཟླ་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་སྲིད་གཙང་རིག་གནས་ཞིང་སྡེ་རུ་སྐྱེལ་བའི་རིག་རྩལ་བྱ་འགུལ་སྤེལ།  རྟ་རྒྱུག་འགྲནབསྡུར་དང་གླུ་ལེན་གར་རྩེད་བྱེད་པ་སོགས་བོད་ཀྱི་སྲོལ་རྒྱུན་གྱི་རིག་རྩལ་འཁྲབ་སྟོན་དང་སྲིད་གཙང་རིག་གནས་དྲིལ་སྒྲོག་བྱ་འགུལ་གཉིས་ཟུང་འབྲེལ་བྱས། 

ཞི་བདེ་སྡེ་བ་ནི་རྫོང་འདིའི་སྐོར་དང་པོའི་སྲིད་གཙང་རིག་གནས་ཞིང་སྡེ་རུ་སྐྱེལ་བའི་དཔེ་སྟོན་ས་ཁུལ་ཡིན་ལ།  ཐེངས་འདིའི་བྱ་འགུལ་ལས་སྲིད་གཙང་རིག་གནས་དྲིལ་སྒྲོག་འཕྲེད་འགེལ3དཔྱང་བ་དང་།  སྲིད་གཙང་རིག་གནས་དྲིལ་སྒྲོག་ཡིག་ཆ500ལྷག་འགྲེམ་གཏོང་བྱས། ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ཡན་ལག་དམག་ཁུལ་གྱིས“བརྒྱད་གཅིག”དུས་ཆེན་ལ་རྟེན་འབྲེལ་ཞུས་པའི་སྙན་ཞུའི་འཁྲབ་སྟོན་སྤེལ་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་རིག་དངོས་སྲུང་སྐྱོབ་བྱ་བར་ཤུགས་བསྐྱེད་པ།
  • དོ་སྣང་ཆེ་བའི་རྩོམ།