ལྕགས་བྷོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-08-10
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་རྒྱལ་ཡོངས་ཀྱི་རིག་དངོས་ཞིབ་བཤེར་བྱ་བ་ཐེངས་གསུམ་པ་སྤེལ་ནས་ལོ་ངོ་གསུམ་གྱི་རིང་ལ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བཅུ་གཅིག་དང་། སྡེ་བ་རེ་གཅིག རང་བྱུང་སྡེ་བ་དྲུག་བརྒྱ་དང་གཅིག་བཅས་ཀྱི་རིག་དངོས་ཞིབ་བཤེར་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་། སེམས་ཀྱི་ཉི་ཟླ་རྫོང་རིག་གནས་སྡེ་ཁག་གིས་རིག་དངོས་ཤུལ་བཞག་ལྟེ་གནས་ང་ལྔ་དང་། གནའ་བོའི་བང་སོ་ཡོད་ས་བསྡོམས་པས་བཅུ་བདུན། གནའ་བོའི་བཟོ་སྐྲུན་ཡོད་ས་སུམ་ཅུ། རྡོ་བརྐོས་དང་བྲག་བརྐོས་རི་མོ་ཡོད་ས་ལྔ་བཅུ་སོགས་སྤོ་སྒུལ་བྱེད་མི་ནུས་པའི་རིག་དངོས་སུ་ངོས་འཛིན་བྱས།
མིག་སྔར། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་གིས་ཞང་དང་གྲོང་རྡལ་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་སོ་སོའི་རིག་དངོས་ཞིབ་བཤེར་བྱ་བའི་བླང་བྱ་ལྟར། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས»དང «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག»ཅེས་པ་སོགས་བཅའ་ཁྲིམས་ཁྲིམས་ལུགས་གཞིར་བཟུང་ནས། ད་ལྟ་ཁྱབ་བསྒྲགས་བྱས་ཟིན་པའི་སྤོ་སྒུལ་བྱེད་མི་ནུས་པའི་རིག་དངོས་ཐོན་ཁུངས་ལ་ཕན་འབྲས་ཡོད་པའི་སྒོ་ནས་དོ་དམ་དང་སྲུང་སྐྱོང་བྱ་དགོས་པ་དང་། སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10