མི་རིགས་བརྙན་འཕྲིན་ཟློས་གར༼གཡག་གི་ལོ་ཟླ༽ཞེས་པ་སེམས་ཀྱི་ཉི་ཟླར་ཕབ་བཞིན་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-07-18

མི་རིགས་བརྙན་འཕྲིན་ཟློས་གར༼གཡག་གི་ལོ་ཟླ༽ཞེས་པ་སེམས་ཀྱི་ཉི་ཟླར་ཕབ་བཞིན་པ།
བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་བོད་རིགས་འཁྲབ་གཙོ་པ།

         ཉེ་ལམ།  ལི་དབྱི་རན་གྱིས་འཁྲབ་ཁྲིད་བྱས་པའི་མི་རིགས་ཀྱི་བརྙན་འཕྲིན་ཟློས་གར་ཆེན་མོ《གཡག་གི་ལོ་ཟླ》ཞེས་པ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་སོགས་ས་ཁུལ་དུ་ཚ་ཚ་འུར་འུར་གྱིས་ཕབ་བཞིན་ཡོད་ཅིང་། རྒྱུས་ལོན་པ་ལྟར་ན།  འཁྲབ་ཁྲིད་པ་ལི་དབྱི་རན་གྱིས་རོས་སུང་ཝེ་དང་ཝེ་ཏཱ་ཞུན་སོགས་ན་གཞོན་འཁྲབ་གཙོ་རུ་བྱས་པ་མ་ཟད་གྲངས་ཉུང་མི་རིགས་ཀྱི་འཁྲབ་ཚན་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ན་གཞོན་འཁྲབ་གཙོ་པས་འཁྲབ་སྟེ་རྒྱལ་ནང་དུ་ཐོག་དང་པོར་ཡོངས་སུ་གྲངས་ཉུང་མི་རིགས་འཁྲབ་གཙོ་པ་སྤྱད་པའི་བརྙན་འཕྲིན་ཟློས་གར་དུ་གྱུར།
         ཟློས་གར་དུ་བོད་ལྗོངས་གཏམ་བརྙོད་ཟློས་གར་ཚོགས་པའི་མིང་གྲགས་འཁྲབ་གཙོ་པ་སྟེ་དེ་སྔ《རྒྱ་བཟའ་ཀོང་ཇོ》དང《རྡུལ་ཚུལ་དྭངས་སོང》། གློག་བརྙན《ཡེ་ཤེས་སྒྲོལ་མ》དང《གངས་ལྷ་མེ་ཏོག》སོགས་སུ་འཁྲབ་པའི་རིན་ཆེན་དོན་གྲུབ་ཀྱང་ཐེངས་འདིའི་བརྙན་འཕྲིན་ཟློས་གར་ཕབ་སྐྲུན་དུ་ཞུགས་པ་རེད།
         《གཡག་གི་ལོ་ཟླ》ཞེས་པའི་བརྙན་འཕྲིན་ཟློས་གར་འདིའི་ནང་འཇར་འགོག་དམག་འཁྲུག་སྐབས་ཀྱི་བོད་རྒྱའི་མི་རབས་གསུམ་གྱི་ཀྱག་ཀྱོག་གི་ལས་དབང་བརྗོད་ཅིང་། སྤུན་ཟླ་ནང་དམེ་དང་། ཁྱིམ་དང་རྒྱལ་ཁབ་བསམ་པ་སོགས་རྒྱུད་རིམ་རབས་དང་རིམ་པ་ལས་མི་རིགས་བར་གྱི་བརྩེ་སེམས་མངོན་པར་བསྟན་ཡོད།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླའི་རྫོང་གི་གླུ་བ་བློ་བཟང་ཤེས་རབ་ཀྱིས་ཆེད་བསྒྲིགས་གསུམ་པ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ཡན་ལག་དམག་ཁུལ་གྱིས“བརྒྱད་གཅིག”དུས་ཆེན་ལ་རྟེན་འབྲེལ་ཞུས་པའི་སྙན་ཞུའི་འཁྲབ་སྟོན་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།