ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-17
སེམས་ཀྱི་ཉི་ཟླའི་རྫོང་གི་བོད་རིགས་གླུ་བ་བློ་བཟང་ཤེས་རབ།
ཡུན་ནན་སེམས་ཀྱི་ཉི་ཟླའི་རྫོང་གི་བོད་རིགས་གླུ་བ་བློ་བཟང་ཤེས་རབ་ཀྱིས་ཟླ11པའི་ནང་གླུ་གཞས་ཆེད་བསྒྲིགས་གསུམ་པ་འགྲེམ་སྤེལ་བྱེད་རྒྱུ་ཡིན་ཞིང་། མིག་སྔར་ཆེད་བསྒྲིགས་འདི་སྒྲིག་བཟོ་བྱེད་པའི་སྒང་ཡིན།
འདི་ནི《གྲོང་གསེབ》དང་། 《སེམས་འདུན》ཞེས་པའི་ཆེད་བསྒྲིགས་གཉིས་ཀྱི་རྗེས་སུ་སྔར་ལས་གཏིང་ཟབ་པར་གསར་སྐྲུན་བྱས་པའི་ཆེད་བསྒྲིགས་ཤིག་ཡིན་ཞིང་། དེར《ཡིད་འོང་གི་ཤམ་བྷ་ལ》ཞེས་པ་དང་། 《དགྱེས་འཛོམས་ཀྱི་ཆང་བཞེས》། 《ང་ཡི་ཕ་ཡུལ》། 《གངས་རིའི་མཛའ་གཞས》། 《བླ་མ་མཁྱེན་ནོ》། 《གླིང་རྗེ་གེ་སར་རྒྱལ་པོ》། 《འགྲོ་ཡ་འགྲོ》། 《དཔེར་ཁང》། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》སོགས་གླུ་གཞས11འདུས། དེ་ལས་གླུ་གཞས6ནི་བློ་བཟང་ཤེས་རབ་རང་ཉིད་ཀྱིས་ཚིག་དང་དབྱངས་བརྩམས་པ་དང་ཆབས་ཅིག་རྒྱལ་ཐང་སྐོར་བྲོ་དང་བདེ་ཆེན་གྱི་གཞས། སེམས་ཀྱི་ཉི་ཟླའི་མཛའ་གཞས་སོགས་བསྲེས་སྦྱོར་བྱས་ཡོད།
གླུ་བ་བློ་བཟང་ཤེས་རབ་ནི《སྤང་རྒྱན་མེ་ཏོག》དང《ཨ་རོགས་ཡག་བྱུང》སོགས་གླུ་གཞས་ལས་མིང་དུ་གྲགས་ཤིང་། མིག་སྔར་ཁོས་ཆེད་བསྒྲིགས་གསར་བའིMTVཕབ་བཞིན་ཡོད་པ་དང་། དེའི་མཚུངས་སུVCDདངDVDསྒྲིག་བཟོ་བྱས་ཏེ་དུས་མཉམ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10