བདེ་ཆེན་རྫོང་གིས་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱས།

སེམས་ཀྱི་ཉི་ཟླའི་དྲ་བ།    ཚེ་རིང་རྒྱ་མཚོས་བསྒྱུར།    2012-07-17

བདེ་ཆེན་རྫོང་གིས་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱས།
བུད་མེད་ཚོས་བསླས་འཐག་ལག་རྩལ་སློབ་སྦྱོང་བྱེད་བཞིན་པ།

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ལུས་རྩལ་ཁང་གི་མཆོད་རྟེན་དཀར་པོ་ཐང་ཆེན་དུ་བོད་ཀྱི་སྣམ་བུ་དང་ལུག་བལ་ས་གདན་གྱི་སྲོལ་རྒྱུན་བསླས་འཐག་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྤེལ།  ཤང་དང་གྲོང་རྡལ་སོ་སོ་ནས་ཐོན་པའི་བུད་མེད་ཚོས་གནས་འདི་རུ་ནན་ཏན་སྒོས་བསླས་འཐག་ལག་རྩལ་སློབ་སྦྱོང་བྱས། 

   རྒྱུས་ལོན་པ་ལྟར་ན།  གསོ་སྦྱོང་འཛིན་གྲྭ་སྤེལ་མཁན་ནི་ལོ་ན50རུ་སོན་ཡོད་པའི་ཚེ་རིང་ཆོས་མཚོ་ཡིན།  ཁོ་མོས“ཐེངས་འདིའི་བྱ་འགུལ་ལ་བདེ་ཆེན་རྫོང་དྲིལ་སྒྲོག་པུའུ་རིག་གནས་ཐོན་ལས་གཞུང་སྒྲུབ་ཁང་གིས་ང་ཚོར་རོགས་སྐྱོར་ཆེན་པོ་བྱས་པ་དང་།  ང་ནི་སྡེ་མི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པ་དང་།  སྔོན་ཆད་སྡེ་མི་ཨུ་ཡོན་ལྷན་ཁང་གི་བུད་མེད་ཀྲུའུ་རིན་གྱི་འགན་ཡང་ཁུར་མྱོང་། ཧྲིན་ཕིན་གྲོང་རྡལ་ཅུའུ་ཧྲའེ་སྡེ་བ་རུ་སྔ་གཞུག་ཏུ་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྤེལ་ཞིང་། བུད་མེད110ལྷག་གསོ་སྦྱོང་ལ་ཞུགས།  ད་ལྟ་ང་ལོ་ན་རྒས་འདུག་པས། རང་ཉིད་ཀྱི་ལག་རྩལ་འདི་དར་སྤེལ་བྱས་ཏེ།  བོད་རིགས་བུད་མེད་མང་པོར་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ལག་རྩལ་འདི་རྒྱུན་འཛིན་བྱེད་དུ་འཇུག་དགོས”ཟེར། 

    རྒྱུས་ལོན་བྱུང་བ་ལྟར་ན།  བདེ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་བྱས་འོག  གསོ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན་གསུམ་གྱི་དུས་ཚོད་བཀོད་སྒྲིག་བྱས་པ་དང་།  དམངས་ཁྲོད་ཀྱི་སྣམ་བུ་བསླས་འཐག་ལག་རྩལ་མཁས་ཅན་གདན་ཞུ་བྱས་ཏེ་སློབ་མ་ཚོར་ལག་རྩལ་གསོ་སྦྱོང་ཞབས་ཞུ་འདོན་སྤྲོད་བྱས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་དུ་གྲངས་ཉུང་མི་རིགས་ལས་རིག་སློབ་ཚོགས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལོ་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླའི་རྫོང་གི་གླུ་བ་བློ་བཟང་ཤེས་རབ་ཀྱིས་ཆེད་བསྒྲིགས་གསུམ་པ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།