ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-11-01
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་ནས་ཚེས28ཉིན་བར། ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན། ནན་ཏན་སྒོས་ཡུན་ནན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་བདེ་འཇགས་ལ་ཤུགས་སྣོན་དགོས་པ་དང་། གྲུབ་འབྲས་ལེགས་པོ་བླངས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར། ཧོང་དབྱི་འཁོར་དང་བཅས་པ་སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་གི་ཞིང་སྡེ། དགོན་པ་བཅས་ལ་སོང་ནས་ས་དེའི་ལས་བྱེད་མང་ཚོགས་རྣམས་དང་བཞུགས་མོལ་བྱས་པ་མ་ཟད། ཆོས་ལུགས་འཐུས་ཚབ་མི་སྣ་དང་། བོད་རིགས་སྤུན་ཟླ། གཞི་རིམ་ལས་བྱེད་པ་སོགས་ལ་འཚམས་འདྲི་བྱས། བཞུགས་མོལ་ཚོགས་འདུའི་སྟེང་། ཧོང་དབྱི་ཡིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་བྱས། ཧོང་དབྱི་ཡིས་དེང་སྐབས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་ཆེད། འཆམ་མཐུན་བདེ་འཇགས་ཡིན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས་པ་དང་། ནན་ཏན་སྒོས་གཤམ་གྱི་བྱ་བ་སོ་སོ་སྒྲུབ་དགོས་པ་བསྟན། གཅིག་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བོད་དང་འབྲེལ་བ་ཡོད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཉིས་ནི་མང་ཚོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་པ་དང་སྤྱི་ཚོགས་དོ་དམ་ལ་ཤུགས་བསྣན་ཏེ། བདེ་སྐྱིད་དང་མཐུན་སྒྲིལ། འཆམ་མཐུན་ཡིན་པའི་སྤྱི་ཚོགས་ཁོར་ཡུག་ཞིག་གསར་སྐྲུན་བྱེད་དགོས་པ། གསུམ་ནི་རིམ་པ་སོ་སོའི་འགོ་ཁྲིད་དག་གི་འགན་འཁྲི་དངོས་འབེབས་བྱེད་དགོས་པ་དང་ཇུས་གཞི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པར་སྤྱི་ཚོགས་བདེ་འཇགས་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་དགོས་པ། བཞི་ནི་བོད་རིགས་ས་ཁུལ་གཞན་དག་བར་འབྲེལ་འདྲིས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁྲོད་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་། འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་བརྒྱུད། བོད་བརྒྱུད་ནང་བསྟན་ཆོས་ལུགས་མངའ་ཁོངས་ཀྱི་འཆམ་མཐུན་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ། ལྔ་ནི་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུའི་བོད་ཁུལ་བྱ་བའི་གྲོས་ཚོགས་དང་། ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་བདེ་ཆེན་ཁུལ་གྱི་ཆེད་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། “ལོ་ལྔ་ཚན་བཅུ་གཉིས་པའི” སྐབས་ཀྱི་བོད་ཁུལ་འཆར་འགོད་རྣམ་གྲངས་ལག་བསྟར་བྱེད་པ་སྐུལ་འདེད་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པ་བཅས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10