བཀྲ་ཤིས་འབུམ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-01
པར་འདི་ནི་ཚེས་ཉེར་བདུན་ཉིན་ཀྲིག་ཡུང་ཁང་གིས་ཅིན་ཧོང་གྲོང་ཁྱེར་ཀ་སེ་གྲོང་བརྡལ་མན་ཏིག་སྡེ་བའི་མང་ཚོགས་ལ་འཚམས་འདྲི་མཛད་པའི་ཚུལ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཡུན་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས། མཆོང་སྐྱོད་ཀྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ལ། འབད་བརྩོན་ལྷོད་མེད་སྒོས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་དང་འབྱོར་ཕྱུག དཔལ་ཡོན། བདེ་སྐྱིད་བཅས་ཀྱི་ཡུན་ནན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་བྱེད་སྐབས་ཀྲིག་ཡུང་ཁང་སོགས་ན་ནིང་གི་ཟླ་བཅུ་བའི་ཚེས་ལྔ་ཉིན་མེ་ཀོང་གཙང་བོའི་ཐེ་གོའི་ཆུ་ཁོངས་སུ་བྱུང་བའི་གྱོད་གཞིའི་རྩད་གཅོད་བྱ་བ་བསྒྲུབས་པའི་ཞི་ཧྲོང་པན་ན་དའེ་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ཅུའུ་ལ་སོང་ནས་ཉེན་རྟོག་པར་འཚམས་འདྲི་ཞུས་པར་མ་ཟད་ཁོ་ཚོས་གྱོད་གཞི་རྩད་གཅོད་དང་ལག་དམར་འཛིན་བཟུང་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེས་ཞུས། དེར་མཐུད་ནས་ཀྲིག་ཡུང་ཁང་སོགས་ཅིན་ཧོང་གྲུ་ཁ་ཡོད་པའི་ཡུན་ནན་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ཆུ་ཁོངས་ཡན་ལག་རུ་ཁག་གི་སྐོར་གཡེང་གྲུ་གཟིངས་སྟེང་དུ་བུད་དེ་མཐའ་སྲུང་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་ཞུས་པ་དང་ཁྲིམས་སྐྱོང་སྒྲིག་ཆས་ལ་གཟིགས་ཞིབ་གནང་བར་མ་ཟད་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཀྲིག་ཡུང་ཁང་སོགས་ཀྱིས་ད་དུང་ཅིན་ཧོང་གྲོང་ཁྱེར་གྱི་མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་དོ་དམ་བྱ་བར་རྟོག་ཞིབ་མཛད།
རྟོག་ཞིབ་བྱེད་སྐབས་ཀྲིག་ཡུང་ཁང་གིས་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཡུན་ནན་ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ་ཁ་ཤས་ཀྱི་འགན་འཁུར་བས་གཏམ་བཤད་པར་ནན་ཏན་སྒོས་ཉན་རྗེས་གསུངས་རྒྱུར། ཡུན་ནན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་འགྱངས་པར་འཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་སྒུལ་ཤུགས་བྱས་ཏེ། ཡུན་ནན་ཞིང་ཆེན་གྱི་གནས་ཚུལ་གསལ་བོར་ཤེས་པར་བྱེད་པ་དང་ཤུགས་ཆེན་པོས་ཡུན་ནན་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། ཧུར་ཐག་སྒོས་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ཡོད་པའི་སྤྱི་ཚོགས་དོ་དམ་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་པར་མ་ཟད། དམངས་གཅེས་མཐའ་སྲུང་གི་འཐབ་ཇུས་དང་བདེ་འཇགས་མཐའ་མཚམས་གསར་སྐྲུན་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རང་རྒྱལ་གྱི་ལྷོ་ནུབ་མཐའ་ཁུལ་བདེ་འཇགས་དང་འཆམ་མཐུན་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10