བདེ་ཆེན་རྫོང་གིས་སྐབས་དང་པོའི་སྒྲ་སྙན་རྒྱུད་གསུམ་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-10-30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་དུས་ཡུན་གཟའ་འཁོར་གཅིག་རིང་གི་སྐབས་དང་པོའི་སྒྲ་སྙན་རྒྱུད་གསུམ་པའི་གསོ་སྦྱོང་འཛིན་གྲྭ་སྤེལ། 
ཐེངས་འདིའི་སྒྲ་སྙན་རྒྱུད་གསུམ་པའི་གསོ་སྦྱོང་འཛིན་གྲྭ་སྟེང་ཞིང་ཆེན་རིམ་པའི་དམངས་ཁྲོད་སྒྲ་སྙན་རྒྱུད་གསུམ་པའི་རིག་གནས་རྒྱུན་འཛིན་མཁན་པདྨ་དང་། རྒྱ་མཚོ་གཉིས་གདན་ཞུ་བྱས་ཏེ་བདེ་ཆེན་རྫོང་གི་ཤང་དང་སྡེ་མི་ཚན་ཆུང་གི་སྒྲ་སྙན་རྒྱུད་གསུམ་པ་སློབ་གཉེར་བ42ལ་གསོ་སྦྱོང་བྱས། དུས་ཡུན་ཉིན7རིང་གི་གསོ་སྦྱོང་སྐབས་སུ། ཉིན་མོ་སློབ་མ་ཚོས་ནན་ཏན་སྒོས་དགེ་རྒན་གྱི་འཆད་ཁྲིད་ལ་ཉན་པ་དང་། སྒྲ་སྙན་རྒྱུད་གསུམ་པའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱས་པ།  མཚན་མོར་ཁོ་ཚོས་ཤང་སྲིད་གཞུང་གི་ཐོག་ཁང་མདུན་དུ་སྒྲ་སྙན་རྒྱུད་གསུམ་པའི་ཞབས་བྲོ་འཁྲབ་པ་དང་།  ཉེ་འགྲམ་གྱི་མང་ཚོགས་མང་པོ་ཁོ་ཚོའི་བྱ་འགུལ་འདིའི་ནང་ཞུགས་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གནས་སྐོར་འཕེལ་རྒྱས་སྡེ་ཚོགས་ཀྱིས་ཀོང་ཀྲུག་གནས་སྐོར་ཚོང་ར་གསར་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ཧོང་དབྱི་ཡིས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།