བདེ་ཆེན་ཁུལ་གནས་སྐོར་འཕེལ་རྒྱས་སྡེ་ཚོགས་ཀྱིས་ཀོང་ཀྲུག་གནས་སྐོར་ཚོང་ར་གསར་སྤེལ་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-10-19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན།  ད་ལོའི་ཟླ9བའི་ནང་ཀུང་ཟི་འདིས་ལས་བྱེད་མི་སྣ་མངགས་ནས་ཀོང་ཀྲུག་གྲོང་ཁྱེར་དུ་བསྡུས་པའི་དུས་ཡུན་ཉིན4རིང་གི་གནས་སྐོར་ཚོང་རའི་ཚོང་གཉེར་འགྲེམ་སྤེལ་ཚོགས་འདུ་སྟེང་ལ་ཞུགས་པ་དང་།  ཀོང་ཀྲུག་གྲོང་ཁྱེར་གྱི་གནས་སྐོར་ཚོང་ར་གསར་སྤེལ་བྱེད་པར་བརྩོན་ལེན་བྱས། 

གནས་སྐོར་ཚོང་ར་འགྲེམ་སྤེལ་ཚོགས་འདུ་སྟེང་།  བདེ་ཆེན་ཁུལ་གྱི་གནས་སྐོར་སྡེ་ཁག་གི་འགན་ཁུར་བས་ཀོང་ཀྲུག་ནན་ཧོ་རྒྱལ་སྤྱིའི་གནས་སྐོར་ཁང་དང་ཀྲའོ་ཅང་སན་ཅའོ་ཀྲུག་གནས་སྐོར་ཁང་།  ཀུང་ཏོན་ཞིང་ཆེན་གྱི་སྨྱན་བྱད་གཙོ་གནད་སོགས་ལ་སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་ཐོན་ཁུངས་དང་།  གནས་སྐོར་ཕྱོགས་ཀྱི་ཚོང་འགུག་དངུལ་འདྲེན་སྲིད་ཇུས་དང་རྣམ་གྲངས། གནས་སྐོར་སྣེ་ལེན་དང་གནས་སྐོར་གསར་སྤེལ་སོགས་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད།  ནན་ཧོ་རྒྱལ་སྤྱིའི་གནས་སྐོར་ཁང་ལ“སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་གཏན་ཁེལ་ཚོགས་པའི”མཚན་སྙན་གནང་། 

 རྒྱུས་ལོན་པ་ལྟར་ན།  སེམས་ཀྱི་ཉི་ཟླ་རྫོང་ནས་ཀོང་ཀྲུག་གྲོང་ཁྱེར་བར་གྱི་མཁའ་ལམ་ཤར་གཏོང་བྱས་རྗེས།  སེམས་ཀྱི་ཉི་ཟླ་ཞེས་པའི་འཛམ་གླིང་རིམ་པའི་མིང་རྟགས་འདི་རང་རྒྱལ་གྱི་ཀོང་ཀྲུག་དང་། ཞང་ཀང་།  ཐའེ་བན་བཅས་ཐེ་གོ་སོགས་རྒྱལ་ཁབ་གྱི་གནས་སྐོར་བས་གནས་སྐོར་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ཞིག་ཏུ་བརྩི་བཞིན་ཡོད།  །  

  • ལེ་ཚན་སྔོན་མ།:བདེ་ཆེན་མཐོ་སྒང་དུ་ཆེད་ལས་ཉེན་སྐྱོར་ཁྱིའི་རུ་ཁག་ཐོག་མ་བཙུགས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་སྐབས་དང་པོའི་སྒྲ་སྙན་རྒྱུད་གསུམ་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།