ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-10-19
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་མེ་འགོག་རུ་ཁག་གིས་ཉེ་ལམ་མཚོ་ངོས་ལས་སྨི3000ལྷག་ཡོད་པའི་བདེ་ཆེན་ཁུལ་དུ་ཆེད་ལས་ཉེན་སྐྱོར་ཁྱིའི་རུ་ཁག་ཐོག་མ་བཙུགས་པ་དང་། འདིས་བདེ་ཆེན་མཐོ་སྒང་དུ་ཆེད་ལས་ཉེན་སྐྱོར་ཁྱིའི་རུ་ཁག་མེད་པའི་སྟོང་ཆ་སྐོང་།
རྒྱུས་ལོན་པ་ལྟར་ན། བདེ་ཆེན་ཁུལ་སྤྱི་བདེ་མེ་འགོག་རུ་ཁག་གི་ཉེན་སྐྱོར་ཁྱིའི་རུ་ཁག་གིས་ཐེངས་སྔོན་མ་བསྡུས་པའི་ས་འགུལ་གནོད་འཚེའི་དོན་རྐྱེན་ཐག་གཅོད་ཀྱི་འཁྲབ་སྦྱོང་ཁྲོད་གྲུབ་འབྲས་ལེགས་པ་ཐོབ།
གངས་རི་མྱུར་སྐྱོར་ལས་འགན་ལ་དམིགས་ཏེ། ཉེན་སྐྱོར་ཁྱིའི་རུ་ཁག་གིས་རྗེས་མར་དགུན་དུས་སུ་གནས་ཚུལ་ཛ་དྲག་འོག་གི་ཉེན་སྐྱོར་འཁྲབ་སྦྱོང་བྱེད་རྒྱུ་ཡིན་པ་དང་། ཉེན་སྐྱོར་ཁྱིའི་མཐོ་སྒང་དང་གངས་རི་མྱུར་སྐྱོར་ནུས་ཤུགས་མཐོར་འདེགས་སུ་བཏང་བ་བརྒྱུད། མེ་འགོག་དཔོན་དམག་དང་ཉེན་སྐྱོར་ཁྱི་ཡི་མཉམ་འབྲེལ་བྱས་ཏེ་གནོད་འཚེ་ཐག་གཅོད་བྱེད་པའི་ཆུ་ཚད་མཐོར་འདེགས་བྱུང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10