བདེ་ཆེན་ཁུལ་གྱིས་ད་ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲྭ་བཙུན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་སྤེལ་འགོ་བརྩམས།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-07-12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས9ཉིན་གྱི་སྔ་དྲོར།  དུས་ཡུན་ཉིན5རིང་གི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ2012ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲྭ་བཙུན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་སྤེལ་འགོ་བརྩམས་པའི་མཛད་སྒོ་བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་དུ་བསྡུས། 

ཤེས་གསལ་བྱུང་བ་ལྟར་ན།  2012ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲྭ་བཙུན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ནི་བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བདེ་ཆེན་ཁུལ་ཆོས་ལུགས་ཅུའུ།  བདེ་ཆེན་ཁུལ་བོད་བརྒྱུན་ནང་བསྟན་མཐུན་ཚོགས།  བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་བཅས་ཀྱིས་གཙོ་སྒྲུབ་བྱས།  ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལེགས་པོ་སྤེལ་ཆེད།  བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་གིས་བཀག་སྡོམ་རང་བཞིན་གྱི་རྣམ་པ་སྤྱད་དེ་དོ་དམ་བྱས།  སྐབས་སུ་བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  བདེ་ཆེན་ཁུལ་ནང་བསྟན་མཐུན་ཚོགས།  བདེ་ཆེན་ཁུལ་ཆོས་ལུགས་ཅུའུ།  བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་སོགས་ཀྱི་དགེ་རྒན་གདན་ཞུ་བྱས་ཏེ་དགོན་པའི་དོ་དམ་ལ་ཇི་ལྟར་ཤུགས་སྣོན་དགོས་པ་དང་།  བོད་བརྒྱུན་ནང་བསྟན་ཆོས་ལུགས་ཀྱི་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པ།  བོད་བརྒྱུད་ནང་བསྟན་སློབ་གླིང་གི་དོ་དམ་སྲོལ་ཡིག་དང་སྲོལ་ཡིག་དང་ཆ་འདྲ་བའི་འབྲེལ་ཡོད་གཏན་འཁེལ་བརྒྱད།  སྤྲུལ་སྐུ་ཡང་སྲིད་ངོས་འཛིན་སྲིད་ཇུས་དང་རྩ་བའི་གནས་ཚུལ་སོགས་འཆད་ཁྲིད་བྱེད་རྒྱུ་ཡིན་པ་མ་ཟད།  གྲྭ་བཙུན་ཚོ་རྩ་འཛུགས་བྱས་ཏེ་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་བྱེད་པར་བཀོད་སྒྲིག་བྱས་ཏེ།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱོང་དུ་འཇུག་རྒྱུ་རེད།  །   

བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  བདེ་ཆེན་ཁུལ་ཆོས་ལུགས་ཅུའུ།  བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ།  བདེ་ཆེན་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ23ནས་ཐོན་པའི་གྲྭ་བཙུན57དང་།  བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་གི་དགེ་རྒན་སོགས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་བརྩམས་པའི་མཛད་སྒོར་ཞུགས།  ། 

  • ལེ་ཚན་སྔོན་མ།:མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་ཞེས་པའི་པར་རིས་འགྲེམ་སྟོན་པེ་ཅིན་དུ་སྤེལ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་དུ་གྲངས་ཉུང་མི་རིགས་ལས་རིག་སློབ་ཚོགས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལོ་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།