མཚོ་སྔོན་པོའི་དྲ་བ། 2012-07-02
ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་གི་ཆོས་རའི་ཟུར་ཞིག
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་གི་དགེ་འདུན་པ་ཚོས་ཚ་ཚ་འུར་འུར་གྱིས་རྟགས་གསལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།
རྟགས་གསལ་གཏོང་བ་ནི་རང་གཞན་གྱི་རྨོངས་པ་སེལ་ཞིང༌། བློ་གྲོས་ཀྱི་ན་འཕར་བ་དང༌། རང་རང་གི་ལྟ་གྲུབ་ཀྱི་གནད་གསང་རྣམས་དཔྱིས་ཕྱིན་པར་རྟོགས་ཤིང༌། སྒྲོ་སྐུར་གྱི་སྐྱོན་མི་འཇུག་པ་དང༌། བསྟན་པ་འཕེལ་བའི་ཆེད་དུ་བརྒལ་བརྟག་རིགས་པས་རྩོད་པ་བྱེད་པའམ་དགག་གཞག་སྤང་གསུམ་བྱེད་པ་ཞིག་ཡིན།
བོད་ཀྱི་ཡུལ་དུ་ཐོག་མར་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཧྭ་ཤང་མ་ཧ་ཡ་ནའི་ཅིག་ཅར་བའི་ལྟ་བ་དང༌། བོ་དྷི་ས་ཏྭ་སོགས་ཀྱི་རིམ་གྱིས་པའི་ལྟ་བ་གཉིས་མ་མཐུན་པར་རྩོད་པ་བྱས་པ་ནས་དར་བ་རེད།
ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི3300གི་མཚམས་ན་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་མཐའ་ཁུལ་ན་ཆགས་ཡོད། སློབ་གླིང་དེ་ནི2005ལོར་ཚུགས་པ་དང་། མིག་སྔར་དགེ་འདུན་པ40ལྷག་ཡོད་ལ་དེ་ཚོ་ནི་ཡུན་ནན་དང་བོད་ལྗོངས། སི་ཁྲོན་ལ་སོགས་པའི་ས་གནས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནས་ཡོང་བ་ཡིན། ཁོ་ཚོའི་འཚོ་བ་དང་སློབ་ཡོན་ཆ་ཚང་ས་དེའི་སྲིད་གཞུང་དང་སློབ་གླིང་གིས་འགན་འཁུར་གྱིན་ཡོད། བོད་ཡིག་དང་། རྒྱ་ཡིག ནང་པའི་གཞུང་སོགས་སྦྱོང་བ་ལས་གཞན་ད་དུང་དབྱིན་ཡིག་དང་རྩིས་འཕྲུལ་སོགས་ཀྱང་སྦྱོང་མུས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10