བདེ་ཆེན་ཁུལ་གྱིས་རྡོ་མཁར་གནའ་རྫོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་འགྱུར་བར་སྙན་ཞུ་ཕུལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-06-29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས26ཉིན།  《བདེ་ཆེན་ཁུལ་རྡོ་མཁར་གནའ་རྫོང་ནི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་གཏོང་བའི་སྙན་ཞུ》ལ་ཁུལ་དང་རྫོང་རིམ་པས་ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད།  མིག་སྔར་ཡིག་ཐོག་སྙན་ཞུ་ཕུལ་བའི་བྱ་བ་ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན། 

2002ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་མཁར་གནའ་རྫོང་ནི་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་བདམས་པར་ཁྱབ་བསྒྲགས་བྱས་པ་དང་།  སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་གི་སྲུང་སྐྱོང་དང་གསར་སྤེལ་ལ་སྐུལ་འདེད་བྱེད་ཆེད།  ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་གཏོང་བར་རྨང་གཞི་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས།  ཆེད་མཁས་པ་འགོ་ཁྲིད་དག་གིས་བསམ་འཆར་བཏོན་པ་དང་འབྲེལ་ཡོད་སྡེ་ཁག་རྣམས་ཀྱིས་རོགས་འདེགས་བྱས་འོག 《ཡིག་ཐོག་སྙན་ཞུ 》ལ་སྔར་ལས་ལྷག་པར་ལེགས་བཅོས་དང་ཁ་སྣོན།  འཐུས་ཚང་དུ་བཏང་ནས་སྔ་མོ་ནས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་།  འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་པར་བརྩོན་ལེན་བྱས། 

སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་དང་གནའ་མཁར་དོ་དམ་ཨུ་ཡོན་ལྷན་ཁང་།  རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ།  རིག་རྩལ་ཅུའུ།  རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་སྡེ་ཁག་གི་འགན་ཁུར་བ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།  །  

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་མིང་བརྗེས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་དང་རྟ་རྒྱུག་དུས་ཆེན་བསྡུས།
  • ལེ་ཚན་རྗེས་མ།:བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་དུ་རྟགས་གསལ་གཏོང་བའི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།