སེམས་ཀྱི་ཉི་ཟླ་རྫོང་མིང་བརྗེས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་དང་རྟ་རྒྱུག་དུས་ཆེན་བསྡུས།

དབང་ཆེན་ཚེ་རིང་།    མཚོ་སྔོན་པོ་དྲ་བ།    2012-06-26

ཟླ6པའི་ཚེས23ཉིན།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གོང་འོག་ཆ་ཚང་དུས་སྟོན་གྱི་དཔལ་ལ་རོལ་བཞིན་མཆིས།སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་མིང་བརྗེས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་དང་ལྔ་པའི་རྟ་རྒྱུག་དུས་ཆེན་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་མི་རིགས་ལུས་རྩལ་ཁང་ནང་དུ་བསྡུས།
ཐེངས་འདིའི་དགའ་སྟོན་མཛད་སྒོའི་བརྗོད་དོན་ནི་ “འཆམ་མཐུན་དང་། གོང་འཕེལ། དར་རྒྱས། བདེ་སྐྱིད་”བཅས་ཡིན།བྱེད་སྒོའི་ནང་དོན་ལ་གཙོ་བོ་གཞི་རྒྱ་ཆེན་པོའི་དགའ་སྟོན་དང་། སྲོལ་རྒྱུན་རྟ་རྒྱུག ཚོང་འགུགས་དངུལ་འདྲེན་ཁྱབ་སྤེལ་མཛད་སྒོ། སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་མིང་བརྗེས་ནས་ལོ་འཁོར་བཅུ་ལོན་པའི་ནང་གི་དཔལ་འབྱོར་སྤྱི་ཚོགས་ལས་དོན་རིགས་སོ་སོའི་གྲུབ་འབྲས་འགྲེམ་སྟོན།བོད་ཁུལ་གྱི་གླུ་བ་གྲགས་ཅན་དག་གི་གླུ་ལེན་དགོང་ཚོགས་སོགས་འདུས་ཡོད།སེམས་ཀྱི་ཉི་ཟླ་རྫོང་གི་སྔ་མའི་རྫོང་མིང་ལ་རྒྱལ་ཐང་ཞེས་འབོད་ཀྱིན་ཡོད་པ་དང་།1950ལོར་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་།1993ལོར་དངོས་སུ་ཕྱི་གླིང་པར་སྒོ་འབྱེད་བྱས།2001ལོའི་ཟླ12པའི་ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར་སེམས་ཀྱི་ཉི་ཟླ་རྫོང་ཞེས་རྫོང་མིང་བརྗེས།2002ལོའི་ཟླ5པའི་ཚེས་5ཉིན་སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་མཁར་ནས་རྫོང་མིང་བརྗེས་བའི་དགའ་སྟོན་མཛད་སྒོ་བསྡུས།ལོ་བཅུའི་རིང་སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་བ་གང་ཅིའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་རེད།
  • ལེ་ཚན་སྔོན་མ།:ཡུན་ནན་ཏུ་རེབ་གོང་ཐང་གའི་ཆེད་སྒྲིག་འགྲེམ་སྟོན་ཐེངས་དང་པོར་སྤེལ་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་རྡོ་མཁར་གནའ་རྫོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་འགྱུར་བར་སྙན་
  • དོ་སྣང་ཆེ་བའི་རྩོམ།