བདེ་ཆེན་ཁུལ་གྱི་བདེ་འཇགས་དྲིལ་སྒྲོག་ཟླ་བ་འབའ་ལུང་རྫོང་དུ་སྤེལ་འགོ་བརྩམས།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ཀྱི་དྲ་བ། 2012-06-15
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་། 2012ལོའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཀྱི་ཐོན་སྐྱེད་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་འབའ་ལུང་རྫོང་དུ་སྤེལ་འགོ་བརྩམས།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ཀྱི་བརྗོད་དོན་ནི“བདེ་འཇགས་ངང་འཕེལ་རྒྱས་དང་ཚན་རིག་ལྟར་འཕེལ་རྒྱས”ཡིན་ལ། བསྡོམས་པས་འགྲིམ་འགྲུལ་དང་འགྲིམ་འགྲུལ་ཉེན་རྟོག་པ་སོགས་དྲིལ་སྒྲོག་སྟེགས་བུ10བཙུགས་པ་དང་། བདེ་ཆེན་ཁུལ་བདེ་འཇགས་ལྟ་སྐུལ་ཅུའུ་དང་འབའ་ལུང་རྫོང་གི་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ། རིགས་སོ་སོའི་མང་ཚོགས800ཉིན་དེའི་དྲིལ་སྒྲོག་བྱ་འགུལ་སྟེང་ཞུགས། རྩ་འཛུགས་པས་ད་དུང་མང་ཚོགས་ལ་འབྲེལ་ཡོད་དྲིལ་སྒྲོག་ཡིག་ཆ་སྣ་ཚོགས3600ལྷག་འགྲེམ་གཏོང་བྱས།
ཤེས་གསལ་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་བཅས་འབྲེལ་ཡོད་སྡེ་ཁག་གིས་རྣམ་པ་མང་པོ་སྤྱད་དེ་ཐོན་སྐྱེད་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ། །