བདེ་ཆེན་ཁུལ་གྱིས་ཐེངས་བདུན་པའི“ཀྲུང་གོའི་ཤུལ་བཞག་རིག་གནས་ཉིན་མོའི”བཞུགས་མོལ་ཚོགས་འདུ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-06-13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཚོགས་ཡོངས་ཀྱིས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལ་དོ་སྣང་དང་སྲུང་སྐྱོབ།  དྲིལ་བསྒྲགས་བྱེད་ཆེད།  ཟླ6པའི་ཚེས9ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཅོན་མིན་བཞུགས་མོལ་ཚོགས་འདུ་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།  བདེ་ཆེན་ཁུལ་སྲིད་གཞུང་དང་ཁུལ་རིག་གནས་ཅུའུ།  ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས།  ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས།  ཁུལ་དངོས་མང་བཤམས་སྟོན་ཁང་།  རྡོ་མཁར་གནའ་རྫོང་དོ་དམ་ཨུ་ཡོན་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་དང་།  ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  ཆེད་ལས་མཁས་པ།  སྒྱུ་རྩལ་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས། 

ཤེས་གསལ་བྱུང་བ་ལྟར་ན།  ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པ་དང་།  མང་ཚོགས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་ཐད་ངེས་ཤེས་ཟབ་མོ་ཡོད་པར་མཐོར་འདེགས་བྱེད་ཆེད།  2006ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ6པའི་གཟའ་འཁོར་གཉིས་པའི་གཟའ་སྤེན་པ་ནི“ཀྲུང་གོའི་ཤུལ་བཞག་རིག་གནས་ཉིན་མོ”རུ་གཏན་འཁེལ་བྱས།  ད་ལོའི་ཟླ6པའི་ཚེས9ཉིན་ནི་ཐེངས་བདུན་པའི“ཀྲུང་གོའི་ཤུལ་བཞག་རིག་གནས་ཉིན་མོ”ཡིན་པ་དང་།  ད་ལོའི་བརྗོད་དོན་ནི“ཤུལ་བཞག་རིག་གནས་དང་རིག་གནས་དར་སྤེལ”ཞེས་པ་དེ་ཡིན། 

ཚོགས་ཐོག་ནས་བདེ་ཆེན་ཁུལ་རིག་གནས་ཁང་དང་རིག་གནས་དོ་དམ་ཁང་གིས་སོ་སོར་ཁུལ་ཡོངས་ཀྱི་གཟིགས་འདུས་ཤུལ་བཞག་རིག་གནས་ཀྱི་གནས་ཚུལ་སྤྱི་དང་རིག་དངོས་སྲུང་སྐྱོང་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས།  གདན་ཞུ་ལྟར་ཚོགས་ཐོག་ཏུ་ཞུགས་པསའི་ཆེད་ལས་མཁས་པ་དང་།  འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  བདེ་ཆེན་ཁུལ་གཟིགས་འདུས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་སོགས་ཀྱིས་རང་རང་གི་ལྟ་ཚུལ་བརྗོད། 

རྒྱུས་ལོན་པ་ལྟར་ན།  2008ལོའི་ཟླ7པའི་ཚེས18ཉིན།  བདེ་ཆེན་ཁུལ་གཟིགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་དངོས་སུ་བཙུགས་པ་དང་།  ལོ་དུ་མའི་རིང་བདེ་ཆེན་ཁུལ་ཏང་ཨུ་དང་།  ཁུལ་སྲིད་གཞུང་བཅས་གོང་རིམ་སྡེ་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱས་འོག མིག་སྔར། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོ་ནང་རྣམ་གྲངས5ཚུད་ཡོད་པ་དང་།  རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན5།   ཞིང་ཆེན་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོ་ནང་རྣམ་གྲངས5ཚུད་ཡོད་པ།  ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན43།   ཁུལ་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོ་ནང་རྣམ་གྲངས217ཚུད་ཡོད་པ་སོགས་གཟིགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་གཞག་ཐད་གྲུབ་འབྲས་ལེགས་པོ་ཐོབ་པ་དང་།  བདེ་ཆེན་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས།   སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་ངེས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་ལག་ཤེས་ཐོན་རྫས་ལ་གནས་སྐོར་བའི་དགའ་བསུ་ཐོབ་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་བདེ་འཇགས་དྲིལ་སྒྲོག་ཟླ་བ་འབའ་ལུང་རྫོང་དུ་སྤེལ་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།