༼མཛེས་སྡུག་ལྡན་པའི་ཁྱིམ་གཞི་སྟེ་སེམས་ཀྱི་ཉི་ཟླ༽ཞེས་པའི་འདྲ་པར་འགྲེམ་སྟོན་ཟླ6པའི་ཚེས30ཉིན་པེ་ཅིན་ནས་སྤེལ་རྒྱུ་རེད།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-06-15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བདེ་ཆེན་ཁུལ་གྱི་པར་ལེན་གྲགས་ཅན་སྐུ་ཞབས་ལའོ་ཅིན་ཧེ་ཡི་འདྲ་པར་བརྩམས་ཆོས༼མཛེས་སྡུག་ལྡན་པའི་ཁྱིམ་གཞི་སྟེ་སེམས་ཀྱི་ཉི་ཟླ༽ཞེས་པའི་འདྲ་པར་འགྲེམ་སྟོན་ཟླ6པའི་ཚེས30ཉིན་རྒྱལ་ས་པེ་ཅིན་དུ་སྤེལ་རྒྱུ་རེད། 
ཐེངས་འདིར་འདྲ་པར་འགྲེམ་སྟོན་སྟེང་སེམས་ཀྱི་ཉི་ཟླའི་མཛེས་སྡུག་གི་རང་བྱུང་ཡུལ་ལྗོངས་དང་།  རྫོང་མཐུག་པའི་མི་རིགས་ཡུལ་སྲོལ།  གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས།  གཟུགས་སྟོབས་ཆེ་བའི་ཁམས་པའི་མི་ཚོགས་སོགས་ནང་དོན་འདུས་པའི་འདྲ་པར100ལྷག་འགྲེམ་སྟོན་བྱ་རྒྱུ་རེད།  ཐེངས་འདིས་འདྲ་པར་འགྲེམ་སྟོན་ལེགས་པོ་བསྒྲུབ་ཆེད།  སྐུ་ཞབས་ལའོ་ཅིན་ཧེ་ཡིས་ཁོང་གི་འདྲ་པར་བརྩམས་ཆོས་ཁྲི་ལྷག་ལས་བདམས་པའི་ཕུལ་བྱུང་བརྩམས་ཆོས་ཡིན་པ་དང་།  རང་བྱུང་ཡུལ་ལྗོངས་དང་ཡང་ན་མི་རིགས་ཡུལ་སྲོལ།  ཆོས་ལུགས་རིག་གནས་སོགས་འདུས་པས།  མི་རྣམས་ཀྱིས་སྒྱུ་རྩལ་གྱི་རྣམ་པ་ཅུང་མཐོ་བའི་འདྲ་པར་སྐོར་ཞིག་རོལ་མྱོང་བྱེད་ཐུབ།  །  
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་བདེ་འཇགས་དྲིལ་སྒྲོག་ཟླ་བ་འབའ་ལུང་རྫོང་དུ་སྤེལ་འགོ་བརྩམས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་གསོ་སྦྱོང་འཛིན་གྲྭའི་སློབ་མས་དམར་དམག་རྒྱང་སྐྱོད་དངོས་མང་བཤམས
  • དོ་སྣང་ཆེ་བའི་རྩོམ།