བདེ་ཆེན་ཁུལ་གྱིས“5.12”གནོད་འཚེ་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-05-16

བདེ་ཆེན་ཁུལ་གྱིས“5.12”གནོད་འཚེ་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
ཆེད་ལས་འགྲེལ་བཤད་པས་གྲོང་མི་རྣམས་ལ་གནོད་འཚེ་སྔོན་འགོག་བྱེད་པའི་རྒྱུན་ཤེས་འགྲེལ་བཤད་བྱེད་བཞིན་པ། 

བདེ་ཆེན་ཁུལ་གྱིས“5.12”གནོད་འཚེ་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
དྲིལ་སྒྲོག་པས་གྲོང་མི་རྣམས་ལ་གནོད་འཚེ་སྔོན་འགོག་བྱེད་པའསི་འབྲེལ་ཡོད་ཤེས་བྱའི་ལག་དེབ་དང་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་བཞིན་པ། 

བདེ་ཆེན་ཁུལ་གྱིས“5.12”གནོད་འཚེ་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་མེ་འགོག་རུ་ཁག་གིས་གྲོང་མི་རྣམས་ལ་གནོད་འཚེ་སྔོན་འགོག་བྱེད་པའི་ཆེད་ལས་སྒྲིག་ཆས་འགྲེམ་གཏོང་བྱེད་བཞིན་པ། 

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཟླ5བའི་ཚེས12ཉིན་ནི་རྒྱལ་ཁབ་ཀྱི་སྐབས4བའི་གནོད་འགོག་ཉིན་མོ་ཡིན་པ་དང་།  ཀྲུང་གོའི་ས་འགུལ་ཅུའུ་དང་རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་གིས2012ལོའི་གནོད་འགོག་ཉིན་མོའི་བྱ་བ་ལེགས་པོ་སྒྲུབ་དགོས་པའི་སྤྱི་ཁོག་བླང་བྱ་ལྟར།  ཟླ5བའི་ཚེས12ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ས་འགུལ་སྔོན་འགོག་གནོད་འགོག་ཅུའུ་དང་བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་མེ་འགོག་རུ་ཁག་གཉིས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་དུ“གནོད་འཚེ་སྔོན་འགོག་བྱེད་པའི་རིག་གནས་དར་སྤེལ་བྱས་ཏེ།  གནོད་འཚེ་སྔོན་འགོག་བྱེད་པའི་འདུ་ཤེས་མཐོར་འདེགས་བྱེད་པའི”དྲིལ་བསྒྲགས་བྱ་འགུལ་སྤེལ། 

དྲིལ་བསྒྲགས་བྱ་འགུལ་ཁྲོད།  བདེ་ཆེན་ཁུལ་ས་འགུལ་སྔོན་འགོག་ཅུའུ་དང་བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་མེ་འགོག་རུ་ཁག་གཉིས་ཀྱི་ལས་བྱེད་པས་གྲོང་མི་རྣམས་ལ་གནོད་འཚེ་སྔོན་འགོག་བྱེད་པའི་ཆེད་ལས་སྒྲིག་ཆས་འགྲེམ་སྟོན་བྱས་པ་མ་ཟད།  རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲིག་པའི་གནོད་འགོག་ཤེས་བྱ་ལག་དེབ་དང་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས།  གཞན་ད་དུང་ཆེད་ལས་འགྲེལ་བཤད་པ་བཀོད་སྒྲིག་བྱས་ཏེ་གྲོང་མི་རྣམས་ཀྱི་གནོད་འཚེ་དྲིལ་བསྒྲགས་ནག་པང་ལ་ལྟ་བར་མཛུབ་ཁྲིད་བྱས་པ་དང་།  གནོད་འཚེ་སྔོན་འགོག་བྱེད་པའི་ཤེས་བྱ་འགྲེལ་བཤད་བྱས།  །   

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་མཁན་ལ་གཟེངས་བསྟོད་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དགའ་ལྡན་སུམ་རྩེན་གླིང་དུ་གྲྭ་བཙུན་སྤོ་ལོ་རུ་ཁག་ཅིག་ཡོད།
  • དོ་སྣང་ཆེ་བའི་རྩོམ།