ཉེ་ལམ། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི“བདུན་གཅིག”ཡར་སྔོན་ལ་བདེ་ཆེན་ཁུལ་ཏང་ཨུས་ཁུལ་ཡོངས་སུ་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་བྱ་འགུལ་ཁྲོད་འཚར་ལོངས་བྱུང་བའི་གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་དང་། གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན། ཏང་གི་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་མི་སྣ་ཕུལ་བྱུང་ཅན་བཅས་ལ་གཟེངས་བསྟོད་བྱེད་རྒྱུ་རེད། མིག་སྔར། གཟེངས་བསྟོད་བྱ་ཡུལ་གྱི་མཚམས་སྦྱོར་འདེམས་བཀོད་བྱ་བ་རྫོང་གསུམ་དང་ས་ཁུལ་གཅིག ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཁེ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ནས་སྤེལ་བཞིན་ཡོད།
སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་མཚམས་སྦྱོར་བྱེད་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱབ་ཁོངས་ནི་གཙོ་བོ་ཞིང་སྡེ་དང་། ཁེ་ལས། ལས་ཁུངས། སློབ་གྲྭ། འདུས་སྡོད་ཁུལ། གཞི་རིམ་ལས་ཁུངས་ཀྱི་ཏང་ཨུ་དང་། ཏང་ཀྲུ་པུའུ་སོགས་འདུས། གུང་ཁྲན་ཏང་ཡོན་དང་ཏང་གི་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་པ་ཕུལ་བྱུང་ཅན་མཚམས་སྦྱོར་བྱེད་པར་གཙོ་བོ་ཞིང་སྡེ་དང་ཁེ་ལས། ཚན་རིག་ཞིབ་འཇུག་ལས་ཁུངས། སྨན་བཅོས་སྡེ་ཁག སློབ་གསོ་སོགས་གཞི་རིམ་ལས་གནས་སྟེང་ཁ་ཕྱོགས་རྒྱུ་རེད། །