ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-04-25
ཞིན་ཧྭ་གསར་སགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས22ཉིན་གྱི་ཕྱི་དྲོ་སྐབས་དགུ་པའི་ཀྲུང་གོ་དང་ཨ་རིའི་བཟོ་སྐྲུན་ལག་རྩལ་ཞིབ་བསྡུར་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་པེ་ཅིན་དུ་སྐོང་འཚོགས་བྱས་པ་དང་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེའི་འགན་གཅིག་ལྕོགས་གནང་བའི་མ་ཁེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་འདུག
ཁོང་གིས། ཀྲུང་གོའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ཁྱོན་ཡོངས་སྒོ་དབྱེའི་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ཁོར་ཡུག་ཅིག་ཧུར་ཐག་སྐྲུན་ཐོག་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས།
མ་ཁེ་ཡིས། ཐེངས་འདིའི་ཞིབ་བསྡུར་ཚོགས་འདུས་ཀྲུང་གོའི་ཁེ་ལས་ལ་ལག་རྩལ་དང་དོ་དམ་དཀའ་གནད་ཐག་གཅོད་བྱེད་རོགས་ཞུ་རྒྱུ་དང་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་འབོར་ཆེན་བཏོན་པ་དང་གཡུར་ཏུ་ཟ་བའི་འབྲས་བུ་ཐོབ་ཡོད། ཀྲུང་གོ་དང་ཨ་རིའི་བཟོ་སྐྲུན་ལག་རྩལ་ཞིབ་བསྡུར་ཚོགས་འདུས་མཉམ་ལས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། མཉམ་ལས་བྱེད་སྟངས་གསར་སྐྲུན་བཅས་བྱས་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ལག་རྩལ་དང་ཤེས་ལྡན་མི་སྣའི་རིག་སྟོབས་མཉམ་ལས་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10