སེམས་ཀྱི་ཉི་ཟླ་དང་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་སླར་གསོ་བྱས་པ།

    སེམས་ཀྱི་ཉི་ཟླའི་དྲ་བ།    2012-04-25

སེམས་ཀྱི་ཉི་ཟླ་དང་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་སླར་གསོ་བྱས་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་། པའོ་དབྱིན737རྟགས་ཅན་གྱི་གནམ་གྲུ་ཞིག་བདེ་ཆེན་ཁུལ་གནམ་གྲུ་ཐང་དུ་འབྱོར་བ་དེས།  སེམས་ཀྱི་ཉི་ཟླ་རྫོང་ནས་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་སླར་གསོ་བྱས་པ་མཚོན། 

རྒྱུས་ལོན་པ་ལྟར་ན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་ཞི་ཧྲོང་པན་ན་བར་ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་རྫོགས་ལྡན་ལམ་ཐིག་ཏུ་གསར་གཏོད་བྱས་ཏེ།  བདེ་ཆེན་ཁུལ་དང་ཞི་ཧྲོང་པན་ན་ཁུལ་བར་གྱི་དགུན་ཁ་དང་དབྱར་ཀའི་གནས་སྐོར་ཐོན་ཁུངས་མཐུན་སྦྱོར་བྱེད་པ་དང་།  མཉམ་གཅིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཆེད།  ཉེ་བའི་ལོ10རིང་།  ཤར་ཕྱོགས་མཁའ་སྐྱོད་ཡུན་ནན་ཞིང་ཆེན་ཚད་ཡོད་ཀུང་ཟི་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།  ཞི་ཧྲོང་པན་ན་ཁུལ་སྲིད་གཞུང་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོན་མིན་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་རྫོང་།  སེམས་ཀྱི་ཉི་ཟླ་རྫོང་ནས་ཞི་ཧྲོང་པན་ན་བར་གྱི་གནས་སྐོར་ལམ་ཐིག་གསར་གཏོད་བྱེད་ཀྱིན་ཡོད། 

ཟླ4བའི་ཚེས21ཉིན།  མགྲོན་པོ90ལྷག་ཞི་ཧྲོང་པན་ན་ནས་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་འབྱོར་བ་དང་།  མགྲོན་པོ་ཚོས་ང་ཚོ་ཁོན་མིན་གྲོང་ཁྱེར་ནས་རླངས་འཁོར་སྡད་དེ་སེམས་ཀྱི་ཉི་ཟླ་རྫོང་གི་ཤར་དཀར་གངས་རི་སོགས་ཡུལ་ལྗོངས་ཁུལ་དུ་གནས་སྐོར་ལྗོངས་རྒྱུ་བྱེད་ཐུབ་པ་མ་ཟད།  ད་དུང་བོད་རིགས་དུད་ཁྱིམ་དུ་སོང་ནས་བོད་རིགས་མང་ཚོགས་ཀྱི་ཡུལ་སྲོལ་ཉམས་སུ་མྱོང་ཐུབ།  ད་ལྟ་གནས་འདི་ནས་གནམ་གྲུ་སྡད་དེ་ཐད་ཀར་ཞི་ཧྲོང་པན་ན་ཡུལ་ལྗོངས་ཁུལ་དུ་འགྲོ་ཐོབ་པས། གནས་སྐོར་ལྗོངས་རྒྱུ་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།   །

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་བསྟུད་མར་ལོ་བརྒྱད་ལ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྲངས་ཇེ་མཐོར་བཏང
  • ལེ་ཚན་རྗེས་མ།:སྐབས་དགུ་པའི་ཀྲུང་གོ་དང་ཨ་རིའི་བཟོ་སྐྲུན་ལག་རྩལ་ཞིབ་བསྡུར་ཚོགས་འདུ་སྐོང་འཚོགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།