བདེ་ཆེན་ཁུལ་གྱིས་བསྟུད་མར་ལོ་བརྒྱད་ལ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྲངས་ཇེ་མཐོར་བཏང་།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-04-20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས2012ལོའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྲངས་ཇེ་མཐོར་གཏོང་བའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ།  སྐབས་དེར2011ལོའི་ཟླ12པའི་ཚེས31ཡར་སྔོན་ལ་རྒན་གསོ་ཉེན་བཅོལ་ནང་ཞུགས་ཤིང་འབྲེལ་ཡོད་ཐག་གཅོད་ལྟར་ལས་འཁྱུར་ངལ་གསོ་བྱེད་པའི་འགྲོ་ལུགས་བསྒྲུབས་པ་དང་། ཟླ་རེར་རྒན་གསོ་སྒོར་མོ་ལེན་བཞིན་པའི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཁེ་ལས་མི་སྣའི་རྒན་གསོ་དངུལ་གྲངས་ཇེ་མཐོར་བཏང་བ་དང་།  2012ལོའི་ཟླ1པོ་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས། 
རྒན་གསོ་དངུལ་གྲངས་ཇེ་མཐོར་གཏོང་བའི་ཚད་གཞི་ལྟར་མི་རེར་ཟླ་རེ་ལ་སྒོར135དང་།  མཐའ་མཚམས་ས་ཁུལ་ལས་རིགས་བཞི་ས་ཁུལ་ལ་ཟླ་རེར་སྒོར65།  རིགས་ལྔ་ས་ཁུལ་ལ་ཟླ་རེར་སྒོར70།  རིགས་དྲུག་ས་ཁུལ་ལ་ཟླ་རེར་སྒོར75བཅས་འགྲེམ་གཏོང་བྱེད་རྒྱུ་ཡིན་པ་མ་ཟད།  ཆ་རྐྱེན་དང་མཐུན་པའི་བགྲེས་པོ་དང་།  ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཁེ་ལས་མི་སྣ།  མཐོ་རིམ་མིང་བཏགས་ཐོབ་པའི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཁེ་ལས་ཚན་རྩལ་མི་སྣ་སོགས་ལ་དམིགས་བསལ་དུ་བཀར་ནས་ཇེ་མཐོར་གཏོང་རྒྱུ་རེད། 
2005ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བསྟུད་མར་ལོ8ལ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཁེ་ལས་མི་སྣའི་རྒན་གསོ་མ་དངུལ་ཇེ་མཐོར་བཏང་བ་དང་།  ད་ལོ་ནི་རྒན་གསོ་དངུལ་གྲངས་ཇེ་མཐོར་བཏང་ཚད་ཆེས་མཐོ་བའི་ལོ་ཞིག་ཡིན།  བདེ་ཆེན་ཁུལ་དུ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཁེ་ལས་མི་སྣ3109འདུས་ཤིང་།  ཟླ་རེར་མི་རེ་ལ་ཆ་སྙོམས་སུ་སྒོར236ཁ་སྣོན་ཐོབ།  ། 
  • ལེ་ཚན་སྔོན་མ།:ཡུན་ནན་ཞིང་ཆེན་གྱིས་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་འཛུགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་དང་ཞི་ཧྲོང་པན་ན་བར་གྱི་མཁའ་ལམ་སླར་གསོ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།