བདེ་ཆེན་ཁུལ་གྱི་རོལ་དབྱངས་གཉིས་“ཡུན་ནན་ཞིང་ཆེན་གྱི་རིག་གནས་སྤུས་དག་ལས་གྲྭའི་”བྱ་དགའ་ཐོབ་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-10-08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སྐབས་བདུན་པའི་“ཡུན་ནན་ཞིང་ཆེན་གྱི་རིག་གནས་སྤུས་དག་ལས་གྲྭ”ཞེས་པའི་དཔྱད་བསྡུར་འདེམས་བསྐོ་བྱས་རྫོགས་པ། བདེ་ཆེན་ཁུལ་གྱི་རོལ་དབྱངས་ལས་བྱེད་པ་ཡུས་ཏེ་ཧྭ་ཡིས་གླུ་ཚིག་འབྲི་བ་དང་། གཞས་གདངས་འབྲི་བའི་གླུ་དབྱངས་《མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ》ཞེས་པ་དང་། བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁང་གིས་སྒྲིག་འཁྲབ་བྱེད་པའི་བོད་ཀྱི་ཞབས་བྲོ་《ཀོང་རྩེད་རའི་སྐོར་བྲོ》ཞེས་པའི་རོལ་དབྱངས་གཉིས་ལ་བྱ་དགའ་ཐོབ་པ་རེད།

“ཡུན་ནན་ཞིང་ཆེན་གྱི་རིག་གནས་སྤུས་དག་ལས་གྲྭ”ཞེས་པའི་བྱ་དགའ་ནི་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་རེད། བྱ་དགའ་འདི་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་རོལ་དབྱངས་ལས་བྱེད་པའི་གསར་རྩོམ་སྤྲོ་སེམས་ལ་སྐུལ་མ་གཏོང་བ་དང་། སྟོབས་ལྡན་གྱི་རིག་རྩལ་ཏན་དམག་འཛུགས་པ་དང་ཡུན་ནན་རིག་རྩལ་གྱི་རིམ་སྤར་རྣམ་པ། མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། བྱ་དགའ་འདི་ནི་ལོ་གསུམ་དུ་སྐབས་རེ་བསྡུས་པ་རེད།

སྐབས་འདིའི་དཔྱད་བསྡུར་འདེམས་བསྐོ་ལ་ཟློས་གར་དང་གློག་བརྙན། བརྙན་འཕྲིན་ཟློས་གར། རླུང་འཕྲིན་ཟློས་གར། གླུ་དབྱངས། ཞབས་བྲོ། གཞས་མ་གཏམ། རྩོམ་རིག་བཅས་སྣ་རིགས་བརྒྱད་བགོས་ཡོད། མཁས་པ་ཚོས་ཞིབ་ཕྲའི་ངང་འདེམས་སྐོར་བྱས་པ་མ་ཟད། ད་དུང་《ཡུན་ནན་ཉིན་རེའི་ཚགས་པར》གྱི་ཐོག་ཁྱབ་བསྒྲགས་བྱས་ནས། རྩོམ་རིགས་དང་རོལ་དབྱངས་70ལ་བྱ་དགའ་ཐོབ་པ་དང་། ལས་ཁུངས་10ལ་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་བརྩམས་ཆོས་གཉིས་ལ“ཞིང་ཆེན་ཀྱི་ཕུལ་བྱུང་རིག་གནས་བཟོ་འགོད”བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ཡུན་ནན་ཅིང་ཀུའུ་ལ་ཚེས་7ཉིན་ཡོམ་རིམ་6.6གི་ས་ཡོམ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།