བདེ་ཆེན་ཁུལ་གྱི་བརྩམས་ཆོས་གཉིས་ལ“ཞིང་ཆེན་ཀྱི་ཕུལ་བྱུང་རིག་གནས་བཟོ་འགོད”བྱ་དགའ་ཐོབ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-09-30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྐབས་བདུན་པའི“ཡུན་ནན་ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་བཟོ་འགོད”དཔྱད་འདེམས་བྱེད་པའི་བྱ་འགུལ་མཇུག་རྫོགས་པ་དང་། བདེ་ཆེན་ཁུལ་གྱི་རོལ་མོ་བ་ཡུས་ཏའེ་ཧས་ཚིག་དང་དབྱངས་བརྩམས་པའི་གླུ་དབྱངས《མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ》དང་བདེ་ཆེན་ཁུལ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱིས་རྩོམ་སྒྲིག་དང་འཁྲབ་སྟོན་བྱས་པའི་བོད་ཀྱི་ཞབས་བྲོ《སྤངས་རྩི་རོང་གི་སྐོར་བྲོ》བྱ་དགའི་གྲས་སུ་ཚུད་ཡོད་པ་རེད།

“ཡུན་ནན་ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་བཟོ་འགོད”བྱ་དགའ་ནི་ཡུན་ནན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་བྱེད་པའི་གསར་སྐྲུན་གྱི་སྤྲོ་སེམས་སྐུལ་འདེད་བྱས་ཏེ་རིག་རྩལ་གྱི་དཔུང་སྡེ་ཇེ་ཆེར་གཏོང་བ།  མི་རིགས་ཀྱི་རིག་གནས་དར་སྤེལ་བྱས་ཏེ་སྟོབས་འབྱོར་ལྡན་པའི་ཞིང་ཆེན་གསར་སྐྲུན་བྱེད་པའི་ཆེད་ཡིན་ལ།  བྱ་དགའ་གནང་བའི་བྱ་འགུལ་འདི་ལོ་གསུམ་གྱི་ནང་ཐེངས་གཅིག་ལ་བསྡུ་བཞིན་ཡོད། ཐེངས་འདིའི་དཔྱད་འདེམས་ལས་ཟློས་གར་དང་གློག་བརྙན། མུ་འབྲེལ་བརྙན་འཕྲིན་ཟློས་གར།  རྒྱང་སྒྲོག་བརྙན་འཕྲིན་ཟློས་གར་དང་གླུ་དབྱངས། གཏམ་བརྗོད་ཟློས་གར།  རྩོམ་རིག་སོགས་སྣ་ཁ8འདུས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལུས་ཁམས་བདེ་སྲུང་ཟས་རིགས་ལ་དཔེ་འདེམས་ལྟ་སྐུལ་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་རོལ་དབྱངས་གཉིས་“ཡུན་ནན་ཞིང་ཆེན་གྱི་རིག་གནས་སྤུས་དག་ལས་གྲྭའི་”བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།