སེམས་ཀྱི་ཉི་ཟླ་རྫོང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་ནི་གནས་སྐོར་བའི་ཡིད་དབང་འགུག་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད།

ཚེ་རིང་རྒྱ་མཚོས་བསྒྱུར།    བོད་ཀྱི་དྲ་བ།    2012-02-03

སེམས་ཀྱི་ཉི་ཟླ་རྫོང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་ནི་གནས་སྐོར་བའི་ཡིད་དབང་འགུག་སའི་གནས་མཆོ
 

ཟླ1པོའི་ཚེས31ཉིན།  སི་ཁྲོན་ཞིང་ཆེན་ནས་ཐོན་པའི་གནས་སྐོར་བས་བོད་ཀྱི་གྱོན་གོས་གྱོན་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་དགའ་ལྡན་སུམ་རྩེན་གླིང་དུ་རྗེས་དྲན་གྱི་འདྲ་པར་ལེན་བཞིན་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་མཚམས་སུ་ཆགས་ཡོད་པ་དང་།  འཛམ་གླིང་གི་རང་བྱུང་ཤུལ་བཞག་རྒྱུ་དངོས“གཙང་གསུམ་མཉམ་བཞུར”གྱི་མངའ་ཁོངས་གཙོ་བོ་ཡིན།  ཉེ་བའི་ལོ་འགའི་རིང་གནས་སྐོར་ལས་རིགས་ནི་གནས་འདིའི་ཐོན་ལས་གཙོ་གནད་ཞིག་ཏུ་གྱུར་ཡོད་པ་དང་།   1679ལོར་གསར་བཞེངས་བྱས་པའི་དགའ་ལྡན་སུམ་རྩེན་གླིང་ནི་སེམས་ཀྱི་ཉི་ཟླ་རྫོང་གི་མངའ་ཁོངས་སུ་ཆགས་ཡོད་ལ།  ཡུན་ནན་ཞིང་ཆེན་མངའ་ཁོངས་སུ་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཞིག་ཡིན་པས། “ཕོ་བྲང་པོ་ཏ་ལ་ཆུང་བ” ཞེས་པའི་མཚན་སྙན་ལྡན།  མིག་སྔར་དགོན་སྡེ་འདི་ནི་ས་དེའི་གནས་སྐོར་ལྗོངས་རྒྱུ་དང་།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་འགྲེམ་སྟོན་བྱེད་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པས།  ལོ་རེར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་གནས་སྐོར་མང་པོ་གནས་འདིར་ཡོང་ནས་གནས་སྐོར་ལྗོངས་རྒྱུ་བྱེད་ཀྱིན་ཡོད། 


 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ར་བ་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གི་མ་ཎི་འཁོར་ལོ་ཆེན་མོ།
  • དོ་སྣང་ཆེ་བའི་རྩོམ།